འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་12ཉིན།

༄༅།།ཀྲུང་གོས་སྒྱོགས་མདེལ་འཕངས་ཡོད་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་12ཉིན། 14:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     2025ལོའི་ཟླ་8ཚེས་11ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པར་དྲིས་ལན་བཏབ།

    ལྗར་པན་ཀྲའོ་རི་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་གྱི་མཚོ་ཐོག་རང་སྲུང་དམག་གྲུ་ན་ནིང་ཟླ་7པར་ཀྲེ་ཅང་ཞིང་ཆེན་གྱི་ཉེ་འགྲམ་མཚོ་ཐོག་ནས་ཀྲུང་གོའི་མངའ་ཁོངས་རྒྱ་མཚོར་འགྲོ་ནོར་ཤོར་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཉེན་བརྡའི་མེ་མདའ་འཕེན་པར་ཁ་གཡར་ནས་ཉུང་མཐར་ཡང་སྒྱོགས་མདེལ་གཉིས་འཕངས་ཡོད་ཟེར། གནས་འཕྲིན་སྤེལ་བར་གཞིགས་ན། བཀོལ་སྤྱོད་ནོར་འཁྲུལ་བྱུང་བའི་དབང་གིས་ལྗར་པན་ཕྱོགས་ཀྱི་དམག་གྲུའི་གློག་རྡུལ་མཚོ་རིས་ངོར་སྤྱི་མཚོ་དང་རྒྱལ་ཁབ་གཞན་གྱི་མངའ་ཁོངས་རྒྱ་མཚོའི་མཐའ་མཚམས་གསལ་བའི་གློག་སྒོ་ཕྱེ་མེད། ཀྲུང་གོ་ཕྱོགས་ཀྱིས་ར་སྤྲོད་བྱེད་ཐུབ་བམ། འདིའི་ཐད་ལ་དཔྱད་གཏམ་ཅི་ཞིག་ཡོད།

      ལིན་ཅན་གྱིས། ན་ནིང་ཟླ་7པར། ལྗར་པན་གྱི་མཚོ་ཐོག་རང་སྲུང་དམག་གྲུས་ཀྲུང་གོའི་མངའ་ཁོངས་རྒྱ་མཚོར་བཙན་འཛུལ་བྱས་པའི་གནས་ཚུལ་སྐོར་ལ་དེ་གོང་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ལངས་ཕྱོགས་རྒྱས་བཤད་བྱས་ཡོད། ཀྲུང་གོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ཕྱི་རྒྱལ་གྱི་དམག་སྤྱོད་གྲུ་གཟིངས་ཀྲུང་གོའི་མངའ་ཁོངས་རྒྱ་མཚོར་འཛུལ་བར་ངེས་པར་དུ་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས། ཀྲུང་གོ་ཕྱོགས་ཀྱི་ཆོག་མཆན་མ་ཐོབ་པར་ཀྲུང་གོའི་མཚོ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་དམག་སྤྱོད་གྲུ་གཟིངས་ལ་ཀྲུང་གོ་ཕྱོགས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན།