གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་12ཉིན། 14:20】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ལྷ་སའི་སྐྱིད་ཆུའི་མཛེས་ལྗོངས་རེད།
1965ལོའི་ཟླ་8ཚེས་25ཉིན། ལྷ་སའི་སྐྱིད་ཆུ་བརྒལ་བའི་ཟམ་ཆེན་དང་པོ་དངོས་སུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས། ས་གནས་དེ་གའི་མང་ཚོགས་ཀྱིས་ཀོ་གྲུར་བརྟེན་ནས་ཆུ་བོ་བརྒལ་བའི་ལོ་རྒྱུས་མཇུག་བསྒྲིལ། ད་ཆ་ལྷ་ས་གྲོང་ཁྱེར་ཁུལ་ཁོ་ནར་སྣེའུ་གདོང་ཟམ་ཆེན་དང་། མཚོ་བོད་ལྕགས་ལམ་གྱི་ལྷ་ས་སྐྱིད་ཆུའི་ཟམ་ཆེན། མཛའ་མཐུན་ཟམ་ཆེན། སྣེའུ་ཟམ་ཆེན། ཡིད་མཐུན་ཟམ་ཆེན། གཉེན་སྡེབ་ཟམ་ཆེན། ལྷ་ས་ཟམ་ཆེན། གཙང་ར་ཟམ་ཆེན། རྔ་ཆེན་ཟམ་པ་སོགས་ལྷ་སའི་སྐྱིད་ཆུར་ཟམ་ཆེན་མང་པོ་བསྐྲུན་ཡོད། ལྷ་སའི་སྐྱིད་ཆུའི་ཟམ་ཆེན་དེ་དག་གི་དབང་གིས་མི་རྣམས་ཀྱི་འཚོ་བ་སྟབས་བདེ་རུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ཡུལ་ལྗོངས་ཡིད་འོང་དུ་གྱུར་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པའི་མངོན་ཚུལ་ཞིག་ཀྱང་རེད།

འདི་ནི་སྐྱིད་ཆུའི་མཚན་མོའི་མཛེས་ལྗོངས་རེད།

འདི་ནི་གཙང་ར་ཟམ་ཆེན་(གཡོན་)ལྷ་ས་ཟམ་ཆེན་རེད།

འདི་ནི་རྔ་ཆེན་ཟམ་པ་རེད།