འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་12ཉིན།

༄༅།།ཁ་ཐར་གྱི་དབུ་བཞུཌ་བློན་ཆེན་གྱིས། དེ་ནི་རྩུབ་སྤྱོད་ཡིན་པས་འགེབས་སྲུང་བྱེད་མི་རུང་ཟེར།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་12ཉིན། 14:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     དབྱི་སི་རས་ཀ་ཧྲའི་གསར་འགོད་པར་རྐང་བཙུགས་ནས་འཇབ་རྒོལ་བྱས་པར་ཁ་ཐར་དབུ་བཞུགས་བློན་ཆེན་གྱིས་སྐྱོན་འཇུགས་བྱས་ཡོད་པ་རེད།

     ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། དབྱི་སི་རལ་གྱིས་ཚེས་10ཉིན་གྱི་དགོང་མོ་ཀ་ཧྲའི་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ཤིས་ཧྥ་སྨན་ཁང་མདུན་གྱི་གསར་འགོད་པའི་གུར་ལ་འཇབ་རྒོལ་བྱས་པས་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་མང་པོ་ཞིག་རྐྱེན་ལམ་དུ་ཤོར་བར་རྒོལ་གཏམ་དྲག་པོ་བཏང་བ་རེད།

     མོ་ཧ་མོ་ཏི་ཡིས། དབྱི་སི་ལན་གྱིས་ཀ་ཧྲ་ས་ཁུལ་དུ་རྐང་བཙུགས་ནས་གསར་འགྱུར་ལས་མིར་ཕར་རྒོལ་བྱས་པ་དེས། དབྱི་སི་ལན་གྱིས་ཀ་ཧྲ་ས་ཁུལ་དུ་སྤྱད་པའི་རྩུབ་སྤྱོད་དག་གཡོ་འགེབབས་ཐུབ་མི་སྲིད། དབྱི་སི་ལན་གྱིས་ཀ་ཧྲ་ས་ཁུལ་དུ་སྤྱད་པའི་ཉེས་སྤྱོད་དག་བསམ་ཡུལ་ལས་འདས་པ་ཤ་སྟག་རེད་ཅེས་གསུངས་འདུག