གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་06ཉིན། 14:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཕེང་པོ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་5ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་མུ་མཐུད་ཉོ་སྒྲུབ་བྱས་པར་ཨ་ལན་བསློགས་ཆེད། ཁོས་རྒྱ་གར་གྱིས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་གི་སྒོ་ཁྲལ་མཐོར་འདེགས་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་རོན་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས“ང་ཚོས་མ་གཞི་25%གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་ཉོ་བཞིན་ཡོད་པའི་རྐྱེན་པས། རྗེས་མའི་ཆུ་ཚོད་24ནང་ངས་ཁྲལ་ཚད་མཐོར་འདེགས་ཆེན་པོ་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།
ཚེས་4ཉིན་ཐེ་རོན་ཕུའུ་ཡིས་དྲ་ཐོག་ཏུ་བསྒྲགས་དོན། རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་འབོར་ཆེན་ཉོས་པ་མ་ཟད། ད་དུང་ཉོས་ཟིན་པའི་རྡོ་སྣུམ་མང་ཆེ་བ་ཡོངས་བསྒྲགས་ཁྲོམ་རའི་ཐོག་ཕྱིར་ཚོང་བྱས་ནས་ཁེ་སྤོགས་འབོར་ཆེན་ཐོབ་ཡོད་ཟེར།
“དེའི་རྐྱེན་གྱིས་ངས་རྒྱ་གར་གྱིས་ཨ་རིར་སྤྲོད་རྒྱུའི་སྒོ་ཁྲལ་མཐོར་འདེགས་ཆེན་པོ་གཏོང་རྒྱུ་ཡིན”ཞེས་ཐེ་རོན་ཕུའུ་ཡིས་དེ་ལྟར་བཤད།
ཐེ་རོན་ཕུའུ་ཡིས་ཁྲལ་ཚད་ག་ཚོད་མཐོ་རུ་གཏོང་རྒྱུ་ཡིན་ཚུལ་གསལ་བཤད་བྱས་མེད།