འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་7ཉིན།

༄༅།།རྒྱ་གར་དང་ཧྥི་ལི་ཕིན་གྱིས་དམག་སྦྱོང་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་06ཉིན། 14:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་8ཚེས་5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ།

     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་དང་ལུའུ་ཐོའུ་གསར་འགོད་པས་དྲིས་དོན། གཟའ་འཁོར་འདིར་རྒྱ་གར་དང་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་མཚོར་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱེད་པའི་གནས་འཕྲིན་སྤེལ་བར་ཕྱི་འབྲེལ་པུས་དཔྱད་གཏམ་གང་འདྲ་སྤེལ་རྩིས་ཡོད།

    གོ་ཅ་ཁུན་གྱིས“མངའ་ཁོངས་དང་རྒྱ་མཚོའི་ཁེ་དབང་སྐོར་གྱི་རྩོད་གཞི་དེ་ཐད་ཀར་དོ་བདག་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ཐག་གཅོད་བྱེད་དགོས་པ་ལས་ཕྱོགས་གསུམ་པ་གང་ཞིག་ཡིན་རུང་དེའི་ནང་ཞུགས་མི་རུང”ཞེས་བཤད།