འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་1ཉིན།

༄༅།།ཨ་རིའི་དམག་འཐབ་གནམ་གྲུ་ལྷུངས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་01ཉིན། 14:47】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་31ཉིན། ཨ་རིའི་མཚོ་དམག་གིས་དམག་འཐབ་གནམ་གྲུ་F-35ཞིག་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་དབུས་རྒྱུད་ཀྱི་ལེ་མོར་མཚོ་དམག་མཁའ་དམག་ས་ཚིགས་ཀྱི་ཉེ་འགྲམ་དུ་ལྷུང་བ་དང་། འཕུར་སྐྱོད་པ་ལྡེམ་ཤུགས་ཀྱིས་མཁའ་རུ་འཕེན་ནས་བྲོས་བྱོལ་ཐུབ་པ་ར་སྤྲོད་བྱས།

    གོ་ཐོས་སུ་དོན་རྐྱེན་དེའི་རྐྱེན་པས་མི་སྣ་གཞན་དག་ཤི་རྨས་བྱུང་མེད་པ་དང་། དོན་རྐྱེན་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། དམག་ཕྱོགས་ནས་གནས་ཚུལ་ཞིབ་ཕྲ་དེ་བས་མང་པོ་ཕྱིར་བསྒྲགས་མ་བྱས། F-35བཟོ་སྐྲུན་མཁན་ཨ་རིའི་ལུའོ་ཁེ་ཞི་ཏེ་·མ་ཏིང་ཀུང་སིས་ཀྱང་གདེང་འཇོག་ཡོང་རེར་ལན་བཏབ་མེད་པ་རེད།