གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་30ཉིན། 09:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་རྫོང(ཆུས)དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བཀོད་ཇུས་ཀྱི་འཆར་འགོད་བཟོ་ཆེད། ཉེ་ཆར། དམངས་སྲིད་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ་ཡིས《རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བཀོད་ཇུས་ཀྱི་འཆར་འགོད་བཟོ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། དེའི་ནང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བཀོད་ཇུས་ཀྱི་འཆར་འགོད་བཟོ་བའི་ལས་དོན་གྱི་བླང་བྱ་དང་། གཙོ་གནད། དམིགས་ཚད་བཅས་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བཀོད་ཇུས་ཀྱི་འཆར་འགོད་བཟོ་རིང་། རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཙོ་བོར་དམིགས་ཏེ་རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བའི་བཀོད་ཇུས་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་དགོས་མཁོ་གཅིག་སྡུད་ཆེ་བའི་ས་ཁོངས་སུ་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་གྱིས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ནུས་ཕྱོད་གང་ལེགས་སྤྱོད་ཚད་མཐོ་རུ་ནུས་ལྡན་གཏོང་བ། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ཀྱི་བར་མཐོངས་གང་ལེགས་འདང་ངེས་འཇོག་པ། རྒན་གསོའི་ཞབས་ཞུའི་སྤུས་ཚད་རྒྱ་བསྐྱེད་རྒྱུར་སྐུལ་འདེད་གཏོང་བ། ཞབས་ཞུ་མཁོ་སྤྲོད་དང་དགོས་མཁོ་གཉིས་སྔར་བས་མཐུན་སྦྱོར་འཚམ་མཐུན་ཡོང་བ་བཅས་བྱས་ནས་རྒྱ་ཆེའི་རྒན་རྒོན་ཚོགས་སྤྱིར་ཆེད་ལས་ཀྱི་རྒན་གསོའི་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བཏོན་ཡོད།
བརྡ་ཐོའི་ནང་། ཞིང་ཆེན་རིམ་པའི་དམངས་སྲིད་སྡེ་ཚན་དང་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་གྲོང་ཁྱེར་དང་རྫོང་གི་འཆར་འགོད་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་རིམ་པའི་འཆར་འགོད་བཟོ་བའི་ཕྱོགས་སྟོན་སྒྲིག་སྲོལ་ལམ་ཁྲིད་སྟོན་ཞིབ་འཇུག་བྱས་ནས་བཟོ་ཆོག མཐུན་རྐྱེན་འཛོམས་པའི་ས་ཁུལ་གྱིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཆར་འགོད་བཟོ་ཆོག རྒན་རྒོན་འབོར་ཆེན་དུ་གྱུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བའི་ས་ཁུལ་གྱིས་འཆར་འགོད་བཟོ་བའི་ལས་དོན་སྔོན་ལ་སྤེལ་ཆོག རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བཀོད་ཇུས་ས་ཁུལ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་པ་དང་འབྲེལ་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་འཆར་འགོད་ཀྱི་གཙོ་གནད་དུ་བརྩིས་ཏེ། བར་མཐོངས་ས་ཆ་སྤྱོད་པའི་དགོས་མཁོ་དང་འབྲེལ་བའི་ནང་དོན་དུས་ཐོག་ཏུ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི“ས་བཀྲ་གཅིག”ནང་འཇུག་དགོས་པའི་ནན་བཤད་བྱས་ཡོད།