གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་30ཉིན། 09:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཁྲང་ཁྲུན་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཀྲུང་གོའི་དྲ་ཚོང་གསར་པའི་ཚོགས་ཆེན་སྐབས་ལྔ་པ་ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་རུ་འཚོགས་ཤིང་། སྲིད་གཞུང་སྡེ་ཚན་དང་། སྤྱི་ཚོགས་རྩ་འཛུགས། དྲ་སྦྲེལ་ཁེ་ལས། ཞིབ་འཇུག་སྒྲིག་གཞི་སོགས་ནས་ཡོང་བའི་སྐུ་མགྲོན་600ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར《ཀྲུང་གོའི་དྲ་ཚོང་གསར་པའི་འཕེལ་རྒྱས་སྙན་ཞུ(2025ལོ)》དང་དྲ་ཚོང་གསར་པའི་འཕེལ་རྒྱས་གསར་གཏོད་ཀྱི་དཔེ་མཚོན་ཁྱབ་བསྒྲགས་བྱས་པ་རེད། གླེང་སྟེགས་གཙོ་བོར་གཙོ་དོན་གཏམ་བཤད་དང་བརྗོད་དོན་གཙོ་བོའི་གཏམ་བཤད་སོགས་ནང་དོན་བཀོད་སྒྲིག་བྱས་ཡོད། ཚོགས་ཆེན་ཐོག་ད་དུང་སྙན་སྒྲོག་པ་གཙོ་བོ་རྩེ་གྲ་གསོ་སྦྱོང་འདུ་འགོད་ཀྱི་ཐད་གཏོང་ཁང་རྩེ་གྲ་ཁག་བཞི་པའི(སྙན་སྒྲོག་པ་གཙོ་བོ)མིང་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། སྙན་སྒྲོག་པ་གཙོ་བོ་རྩེ་གྲར་མཐུན་རྐྱེན་སྦྱོར་བའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང“རྒྱལ་སྒྲོལ་འགྲེམས་ཚོང་གཞི་གཅིག་ཅན་གྱི་རྣམ་གྲངས”འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། སྐབས་འདིའི་ཚོགས་ཆེན་ཐོག་ལག་རྩལ་གསར་གཏོད་དང་། མཉམ་འདྲེས་འཕེལ་རྒྱས། རྒྱལ་སྒྲོལ་དྲ་ཚོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགན་འཁྲི་སོགས་གྲོས་གཞིར་དམིགས་ནས་གླེང་སྟེགས་ཡན་ལག་བཙུགས་ཁར། ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་འགྲེམས་སྟོན་དང“འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་འདོགས་པ། ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ཀྱི་ཁྱད་ལྡན་ཐོན་ལས་ཁུལ”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེན་པོ་གཉིས་གཉེར་བ་རེད།
སྐབས་འདིའི་ཚོགས་ཆེན་ཀྲུང་གོ་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་དྲ་ཚོང་ལྟེ་གནས་དང་། ཅི་ལིན་ཞིང་ཨུད་དྲིལ་བསྒྲགས་པུའུ། ཅི་ལིན་ཞིང་ཨུད་དྲ་འཕྲིན་གཞུང་དོན་ཁང་། ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་། ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་འཁུར་ཡོད།