འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་29ཉིན།

༄༅།།ནང་བསྟན་མཐུན་ཚོགས་ཀྱིས་ཧྲེ་ཡུང་ཤིན་གྱི་ལག་འཁྱེར་མེད་པ་བཟོ་རྒྱུར་མོས་མཐུན་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་29ཉིན། 13:58】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་7པའི་ཚེས་28ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན།

     ཟླ་7པའི་ཚེས་27ཉིན། ཧྲའོ་ལིན་དགོན་པའི་དོ་དམ་ཁང་གིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལྟར། ཧྲའོ་ལིན་དགོན་པའི་དགོན་པའི་མཁན་པོ་ཧྲེ་ཡུང་ཤིན་གྱིས་ཉེས་དོན་གྱི་ཉེས་སྐྱོན་བཟོས་པ་དང་། འཛུགས་སྐྲུན་ལས་གཞིའི་མ་དངུལ་དང་དགོན་པའི་རྒྱུ་ནོར་སྤྱོད་མཁོ་གཞན་དུ་བཏང་བ། དུས་ཡུན་རིང་པོར་བུད་མེད་དང་འབྲེལ་བ་བྱས་པ་མ་ཟད་ཕྲུ་གུའང་བཙས་པས། ནང་བསྟན་ཆོས་ལུགས་ཀྱི་འདུལ་ཁྲིམས་དང་རྒྱབ་འགལ་དུ་གྱུར་ཡོད། ད་ཆ་སྡེ་ཁག་མང་པོ་ཞིག་གིས་མཉམ་འབྲེལ་བརྟག་དཔྱད་བྱེད་བཞིན་ཡོད། ཧྲེ་ཡུང་ཤིན་གྱི་བྱ་སྤྱོད་ཧ་ཅང་ངན་ལ་ནང་བསྟན་ཆོས་ལུགས་ཀྱི་སྙན་གྲགས་ལ་གནོད་པ་དང་། གྲྭ་བཙུན་གྱི་མིང་གྲགས་ལ་གནོད་འཚེ་བཏང་བས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཧྲེ་ཡུང་ཤིན་ཁྲིམས་ལྟར་ཐག་གཅོད་པར་མཐའ་གཅིག་ཏུ་བརྩི་བཀུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་འཁོད།