གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་29ཉིན། 13:57】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་པེ་ཅིང་གི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་རྗེས་ཀྱི་འཕྲལ་སྡོམ་སླར་གསོར་རྒྱབ་སྐྱོར་བྱས།
ཉེ་ཆར་པེ་ཅིང་གྲོང་ཁྱེར་སྨི་ཡུན་དང་ཧོའེ་རོའུ་སོགས་སུ་ཆར་པ་ཆད་མེད་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང་སྟེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག ཟླ་7ཚེས་28ཉིན་གྱི་དགོང་མོ་རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་རིམ་བཞིའི་གེགས་སེལ་འཕྲལ་སྡོམ་བྱེད་འགོ་བཙུགས་པ་དང་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད།《རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་འཕྲལ་སྡོམ་འཆར་གཞི་》ལ་གཞིགས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་པེ་ཅིང་གྲོང་ཁྱེར་གྱི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་གེགས་རྗེས་ཀྱི་འཕྲལ་སྡོམ་སླར་གསོ་ཡག་པོར་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། སྨི་ཡུན་དང་ཧོའེ་རོའུ་སོགས་གནོད་འཚེ་ཕོག་ཁུལ་དུ་གཏོར་བཤིག་ཐེབས་པའི་འགྲིམ་འགྲུལ་དང་། ཆུ་བེད། སྨན་བཅོས་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཕྲལ་སྡོམ་སླར་གསོའི་འཛུགས་སྐྲུན་གཙོ་གནད་ཐད་སྤྱོད་རྒྱུ་དང་འབྲེལ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།