འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་29ཉིན།

༄༅།།པེ་ཅིང་དུ་དྲག་ཆར་བབས་ནས་མི་30ཤི་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་29ཉིན། 13:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     པེ་ཅིང་དུ་ད་ཐེངས་གི་དྲག་ཆར་བབས་པ་དེས་གནོད་འཚེ་ཚབས་ཆེན་བཟོས་པ་དང་། བྱང་རྒྱུད་ཀྱི་རི་ཁུལ་ལ་གྱོང་གུན་ཚབས་ཆེན་ཕོག་པ།

     ད་རེས་ཀྱི་དྲག་ཆར་བབས་ཚུན་དུ་ཚེས་28ཉིན་གྱི་ཆུ་ཚོད་24བར་པེ་ཅིང་གྲོང་ཁྱེར་ཡོངས་སུ་ཆ་སྙོམས་དྲག་ཆར་འབབ་ཚད་ཧའོ་སྨི་165.9ཟིན་པ་དང་ཆར་པ་ཆེ་ཤོས་འབབ་ཚད་སྨི་ཡུན་གྱི་ལང་ཧྥང་ཡུས་དང་ཀྲུའུ་ཅ་ཡུས་སུ་ཧའོ་སྨི་543.4ཟིན་པ། ཆར་པ་འབབ་ཚད་ཆེ་ཤོས་ནི་ཧོའེ་རོའུ་ཏུང་ཡུས་སུ་ཡིན་པ་དང་ཚེས་26ཉིན་གྱི་ཆུ་ཚོད་22ནས་ཚེས་26ཉིན་གྱི་ཆུ་ཚོད་23བར་ཆར་པ་ཧའོ་སྨི་95.3འབབ་པ་རེད། བསྟུད་མར་ཆར་པ་ཧ་ཅང་ཆེན་པོ་བབས་ནས་གནོད་འཚེ་ཚབས་ཆེན་བཟོས། པེ་ཅིང་གྲོང་ཁྱེར་ཡོངས་སུ་གནོད་འཚེའི་དབང་གིས་མི་30རྐྱེན་ལམ་དུ་ཤོར་བའི་ནང་སྨི་ཡུན་ནས་མི་28དང་ཡན་ཆིང་ནས་མི་2ཤི་བ་རེད། གནོད་འཚེ་ཕོག་ཁུལ་གྱི་འགྲོ་ལམ་31གཏོར་བརླག་ཐེབས་པ་དང་། ཤིན་དབྱང་ལམ་ཐིག་དང་ཞི་ཧུའོ་ལམ་ཐིག་སོགས་ལམ་ཐིག་16སྔར་བཞིན་ཞིག་གསོ་བྱས་མེད་པ་དང་། གྲོང་ཚོ་136ལ་གློག་མཚམས་ཆད་པ་དང་འཕྲིན་གཏོང་སྒྲིག་བཀོད་ཁྱོན་འོད་སྐུད་62གཏོར་བརླག་ཐེབས་པ་དང་། སྦྲེལ་ཚུགས་1825ཕྱིར་འཐེན་བྱས་པ་རེད།

     གནོད་འཚེ་ཐོན་རྗེས། པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འབྲུབ་འགོག་གེགས་སེལ་བྱེད་ཐབས་སྔར་བས་ཆེ་རུ་བཏང་བ་དང་། འབྲེལ་གཏུག་ཆད་མི་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་པ། ཉེན་ཁ་ཆེ་བའི་ལམ་བུ་དང་གཙོ་གནད་ཁུལ་ལ་རྩེ་གཅིག་ཏུ་དམིགས་པ། རོགས་སྐྱོབ་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འཚམ་པོར་བྱས་ནས་ཤི་རྨས་ཉུང་དུ་གཏོང་ཅི་ཐུབ་བྱས་པ་རེད། ད་ཆ་པེ་ཅིང་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་མི་གྲངས་80332གནས་སྤོས་པ་དང་། མི་གྲངས་མང་ཤོས་ཁུལ་གསུམ་ནི་སྨི་ཡུན་དང་། ཧོའེ་རུའོ། ཧྥང་ཧྲན་བཅས་ཡིན་པ་དང་། སྨི་ཡུན་ཁུལ་གྱི་ཤང་དང་གྲོང་རྡལ་19ཡི་མི་གྲངས་16934གནས་སྤོས་པ་དང་། ཧོའེ་རུའོ་ཁུལ་གྱི་ཤང་དང་གྲོང་རྡལ་15ཡི་མི་གྲངས་10464གནས་སྤོས་པ། ཧྥང་ཧྲན་ཁུལ་གྱི་ཤང་དང་གྲོང་རྡལ་21གི་མི་གྲངས་9904གནས་སྤོས་པ་བཅས་འབྲེལ་ཡོད་གེགས་ཁུལ་གྱི་རོགས་སྐྱོབ་སྨན་བཅོས་དང་། མང་ཚོགས་བཀོད་སྒྲིག ཉེན་སེལ་ཉམས་གསོ་སོགས་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད།

     གནོད་འཚེའི་བྱུང་རིང་རྒྱ་ཆེའི་གྲོང་མིས་གནམ་གཤིས་སྔོན་བརྡ་དང་སྔོན་ཚུད་ཀྱི་ཉེན་བརྡར་དོ་ཁུར་བྱས་ཏེ་དོན་མེད་ཉེན་ཁ་བྱུང་ཁུལ་དུ་མ་སྐྱོད་རོགས།