འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་29ཉིན།

༄༅།།ཕྲུ་གུ་རེར་ལོ་རེར་སྒོར་3600སྤྲོད་རྒྱུ་རེད། 《ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་29ཉིན། 13:50】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

      ཉེ་ཆར། (ཚེས་28ཉིན) ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་ཤིང་། ཕྲུ་གུ་གསོ་བའི་ཁ་གསབ་ནི་རྒྱལ་ཡོངས་སུ་མང་ཚོགས་ལ་དངུལ་སྨར་ཁ་གསབ་སྤྲོད་པ་ཞིག་ཡིན་པ་དང་དེར་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

     《ལག་བསྟར་ཇུས་གཞིའི》ནང་ཁ་གསབ་བྱ་ཡུལ་དང་། ཚད་གཞི། རེ་ཞུ་བྱེད་པའི་གོ་རིམ། སྤྲོད་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཏོན་ཡོད་པ་སྟེ།

     ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་ལོ་གསུམ་མན་གྱི་ཕྲུ་གུར་ཁ་གསབ་སྤྲོད་རྒྱུ་དང་། ཕྲུ་གུ་གསོ་བའི་ཁ་གསབ་དེ་ལོ་རེ་བཞིན་སྤྲོད་རྒྱུ་དང་། ད་ལྟའི་དུས་མཚམས་ནང་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་དེ་ཕྲུ་གུ་རེར་ལོ་རེར་སྒོར་3600ཡིན་པ་དང་། ཕྲུ་གུ་གསོ་བའི་ཁ་གསབ་དེ་ཕྲུ་གུ་ལོ་གསུམ་ལ་ལོན་པའི་བར་སྤྲོད་རྒྱུ་ཡིན།

     དེའི་ནང་2025ལོའི་ཟླ་1ཚེས་1ཉིན་གོང་སྐྱེས་པ་དང་ད་དུང་ལོ་གསུམ་མ་ལོན་པའི་ཕྲུ་གུ་ལ་ཁ་གསབ་སྤྲོད་པའི་ཟླ་གྲངས་ལྟར་རྩིས་བརྒྱབ་ནས་ཁ་གསབ་སྤྲོད་རྒྱུ་དང་། ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་སྤྲོད་པའི་ཕྲུ་གུ་གསོ་བའི་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་བྱེད་སྐབས། ཕྲུ་གུ་གསོ་བའི་ཁ་གསབ་དེ་ཁྱིམ་ཚང་ངམ་ཡང་ན་མི་སྒེར་གྱི་ཡོང་འབབ་ནང་བརྩི་རྒྱུ་མིན་པ་བཅས་རེད།

     རེ་ཞུའི་གོ་རིམ་ཐད་ཕྲུ་གུ་དམར་འབྱར་གྱི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་གྱིས་གཏན་འབེབས་ལྟར་ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་ཡོད་སར་རེ་ཞུ་བྱེད་དགོས། གཙོ་བོ་ཕྲུ་གུ་དམར་འབྱར་གྱི་ཁ་གསབ་རོགས་དངུལ་གྱི་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་ནས་དྲ་ཐོག་ནས་རེ་ཞུ་བྱེད་པ་དང་དེ་བཞིན་ཡུལ་དངོས་སུ་ཕྱིན་ནས་རེ་ཞུ་ཞུས་ནའང་ཆོག

     ཕྲུ་གུ་གསོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཐབས་ལམ་ནི་རེ་ཞུ་བྱེད་མཁན་ནམ་ཡང་ན་ཕྲུ་གུ་དམར་འབྱར་གྱི་དངུལ་ཁང་གཱའམ་ཡང་ན་དངུལ་རྩའི་རྩིས་ཐོ་གཞན་དག་ཡིན་པ་དང་། དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཱ་གཅིག་ཀུན་སྒྲུབ་”རྣམ་པའམ་ཡང་ན་ཕྲུ་གུ་དམར་འབྱར་གྱི་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་ནས་སྤྲོད་པར་སྐུལ་མ་གཏོང་རྒྱུ། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྲོད་པའི་དུས་ཚོད་གཏན་འཁེལ་བྱས་ནས་སྤྲོད་པའི་ལས་ཕྱོད་ཆེ་རུ་བཏང་སྟེ་ཁ་གསབ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པ་བྱེད་དགོས།

     《ལག་བསྟར་ཇུས་གཞིའི》ནང་ཕྲུ་གུ་གསོ་བའི་ཁ་གསབ་ཀྱི་ཆ་འཕྲིན་དོ་དམ་བླང་བྱ་དང་དེ་བཞིན་ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད། 《ལག་བསྟར་ཇུས་གཞིའི》ནང་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་གིས་ལག་བསྟར་ཇུས་གཞི་བཟོས་ཏེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུའུ་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱས་ཏེ་ལག་བསྟར་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།