འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་29ཉིན།

༄༅།།ཉིའུ་ཡོག་ནས་ཐོལ་བྱུང་དོན་རྐྱེན་ཐོན་ནས་མི་6ལ་མེ་མདའ་ཕོག་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་29ཉིན། 13:47】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་28ཉིན་གྱི་ཕྱི་དྲོར་ཉིའུ་ཡོག་མན་ཧ་ཏུན་སྤྱི་གླིང་ལམ་ཆེན་དང་ཁྲོམ་གཞུང་51སྦྲེལ་མཚམས་སུ་མེ་མདའི་དོན་རྐྱེན་ཐོན་ནས་མི་6ལ་མེ་མདའ་ཕོག་པ་དང་། དེའི་ནང་ཉེན་རྟོག་པ་གཅིག་ཚུད་ཡོད། ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་གསར་ཤོས་སྤེལ་བར་གཞིགས་ན། མེ་མདའ་AR-15ཅན་འཁྱེར་བའི་དོགས་ཡོད་ཉེས་ཅན་བཀག་ཉར་བྱས་པ་རེད།

     ཉིའུ་ཡོག་གྲོང་ཁྱེར་གྱི་མཐོ་རིམ་དཔོན་རིགས་བཞིས་མེ་མདའི་དོན་རྐྱེན་དེའི་དོགས་ཡོད་ཉེས་ཅན་དོན་རྐྱེན་དེའི་ནང་མེ་མདའ་ཕོག་ནས་ཤི་བའི་གནས་ཚུལ་ངོས་འཛིན་གཏན་འཁེལ་བྱས་པ་དང་། ཉིའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གིས་སྤྱི་ཚོགས་སྨྱན་སྦྱོར་Xལས་སྟེགས་བརྒྱུད་གསལ་བསྒྲགས་སྤེལ་ནས་མེ་མདའ་རྒྱག་མཁན་དེ་ནི“ཁེར་རྐྱང་གི་ཉེས་བཟོ་བ་”ཞིག་ཡིན་པ་དང་མིག་སྔར་“ཉེན་ཁ་མེད་པར་གྱུར་ཡོད”ཅེས་བཤད་པ་རེད།

     མེ་མདའི་དོན་རྐྱེན་དེ་མན་ཧ་ཏུན་ལྟེ་བའི་དངུལ་རྩའི་ཁུལ་དུ་བྱུང་བ་དང་། མཐའ་འཁོར་དུ་ཧེ་ཧྲི་ཚོགས་པ་དང་། NFLསྤྱི་ཁྱབ་པུའུ་སོགས་ལས་ཁུངས་གྲགས་ཅན་མང་པོ་ཡོད། མིག་སྔར་ཉེན་རྟོག་པས་ཡུལ་དངོས་སུ་ཉེན་རྟོག་པ་མང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། རྨས་མ་ཁག་གཅིག་གི་རྨས་སྐྱོན་ཚབས་ཆེན་ཡིན། གྱོད་གཞིའི་གནས་ཚུལ་ཞིབ་ཕྲ་ད་དུང་བརྟག་དཔྱད་བྱེད་བཞིན་འདུག ཉེན་རྟོག་ཕྱོགས་ཀྱིས་གནས་སྐབས་རིང་མང་ཚོགས་ས་ཁོངས་འདི་ལས་གཡོལ་བའི་འབོད་སྐུལ་བཏང་ཡོད།