གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་29ཉིན། 13:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས། ཐེ་ལན་དང་ཁམ་ཕུ་ཁྲེ་བར་དམག་མཚམས་འཇོག་རྒྱུར་མོས་མཐུན་བྱུང་ཡོད་ཅེས་ཟེར།
ཚེས་28ཉིན། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས། ཐེ་ལན་དང་ཁམ་ཕུ་ཁྲེ་བར་དམག་མཚམས་འཇོག་རྒྱུའི་མོས་མཐུན་ཡོད་ཅེས་བཤད་པ་རེད།
ཨན་ཝར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཐེ་ལན་དང་ཁམ་ཕུ་ཁྲེའི་བར་ཉིན་དེར་གྲོས་མོལ་བྱེད་རིང་ཐུན་མོང་གི་ངོས་འཛིན་བྱུང་ནས། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་གྱི་ཆུ་ཚོད་24ནས་བཟུང་། “འཕྲལ་མར་ཆ་རྐྱེན་མེད་པར་”དམག་མཚམས་འཇོག་རྒྱུའི་མོས་མཐུན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་གདོང་ཐུག་མཇུག་བསྒྲིལ་རྒྱུ་རེད་ཅེས་བཤད་པ་རེད།
ཚེས་28ཉིན་གྱི་ཕྱི་དྲོར་ཐེ་ལན་གྱི་ཙུང་ལིའི་ལས་ཚབ་ཕུའུ་ཐན་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་གཉིས་མ་ལེ་ཞི་ཡའི་ཙུང་ལིའི་དཔོན་ཚང་དུ་ཐེ་ལན་དང་ཁམ་ཕུ་ཁྲེའི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་གནས་བབ་གྲོས་བསྡུར་གྱི་དམིགས་བསལ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་དེ་ཨན་ཝར་གྱིས་གཙོ་སྐྱོང་བྱས།