འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་14ཉིན།

༄༅།།རྒྱུད་བཤུས་ནོར་གནག་ཐོག་མ་ལེགས་གྲུབ་བྱུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་14ཉིན། 14:17】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་11ཉིན། གསར་འགོད་པས་བོད་ལྗོངས་(འདམ་གཞུང་)བྲེ་སེར་འབྲོང་གསོ་སྤེལ་རྟེན་གཞི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་10ཉིན་ཉིན་གུང་ཆུ་ཚོད་12དང་སྐར་མ་40ཡི་ཐོག རྟེན་གཞི་དེས་གསུས་གཤགས་བྱས་ནས་རྒྱུད་བཤུས་ནོར་གནག་ཐོག་མ་དེ་བཙའ་རུ་བཅུག་པ་དང་། ལྗིད་ཚད་ལ་སྤྱི་རྒྱ་33.5ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་དེ་ནི་ཀྲེ་ཅང་སློབ་ཆེན་ཧྥང་ཧྲེང་གོ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་འགག་སྒྲོལ་བྱས་ནས་ཐོབ་པ་ཞིག་རེད། 2023ལོའི་ཟླ་7པ་ནས་བཟུང་། ལོ་གཉིས་རིང་ཚན་རིག་ཞིབ་འཇུག་མི་སྣས་ས་མཐོའི་དབྱང་དཀོན་པ་དང་ཚོད་ལྟའི་སྒྲིག་ཆས་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་གསོད་བྱས་ཏེ། རྒྱུད་རྒྱུ་ཚོ་ཡོངས་གདམ་གསེས་དང་ལུས་པོའི་ཕྲ་ཕུང་རྒྱུད་བཤུས་ཀྱི་མཉམ་འདུས་ལག་རྩལ་བརྒྱུད་རྒྱུད་བཤུས་ནོར་གནག་ཐོག་མ་དེ་གསོ་སྐྱོང་བྱས་ཡོད།