འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་8ཉིན།

༄༅།།ལྷད་མེད་སེམས་པ་ནམ་ཡང་ཏང་ལ་ཕྱོགས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་08ཉིན། 13:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    “ཁྱེད་རང་ལ་ཏང་ལ་ཕྱོགས་པའི་ལྷད་མེད་སེམས་པ་ཞིག་ཡོད་པ་དེར་མི་རྣམས་སེམས་འགུལ་ཐེབས་དགོས་པ་ཞིག་རེད”ཅེས་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛའ་བརྩེའི་བཀའ་མོལ་ཞིག་རེད་ལ། ལོ་92ལ་སླེབས་པའི“ཏང་ཡོན་གསར་པ”ཡིའུ་པིན་ཁྲང་གིས་དད་སེམས་དོན་གཉེར་བྱས་པར་ཁས་ལེན་གནང་བ་དང་ཆབས་ཅིག རྒྱ་ཆེའི་ཏང་ཡོན་ཚོར་ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས་པའི་ལྕག་སྐུལ་གནང་བ་ཞིག་ཀྱང་རེད།

   སྔ་མོ་ནས་ཏང་ནང་ཞུགས་འདོད་ཡོད་ཀྱང་། ཡིའུ་པིན་ཁྲང་ལ“རང་ཉིད་ཀྱིས་བསྒྲུབས་པ་ད་དུང་ཡང་འདང་གི་མེད་པའི”ཚོར་སྣང་ཞིག་ཡོང་གི་ཡོད། དེས་ན་ཁོང་གིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་རང་གིས་རང་ལ་སྐྱོན་བརྟག་པ་དང་ལྕག་སྐུལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་འབོད་སྐུལ་ལ་ཉན་རྒྱུའི་གྲ་སྒྲིག་ཨང་བསར་བྱེད་ཀྱི་ཡོད་པ་དང་། “ཏང་གི་རྗེས་སུ་འབྲངས་ན་རྟག་པ་མིན་པའི་མི་ཚེ་འདི་དེ་བས་དོན་སྙིང་ལྡན་པ་ཞིག་ཡོང་ངེས་ཡིན་པ”རྦད་དེ་ཁས་ལེན་གྱི་ཡོད། གློག་བརྙན་འཁྲབ་མཁན་སྒྱུ་རྩལ་མཁས་ཅན་ཉིའུ་པོན་གྱིས་མི་ལོ་60ལྷག་ཙམ་ཡར་རྒྱས་བརྩོན་ལེན་དང་རང་ལོ་83ལ་ཏང་ནང་ཞུགས་ཏེ། བླ་ན་མེད་པའི་དད་སེམས་མི་ཚེ་གང་པོར་དོན་འཁྱོལ་བྱེད་དགོས་ལ། ཐོག་མའི་བསམ་འདུན་གྱི་སྟོབས་ཤུགས་དེ་ཏན་ཏན་ཏིག་ཏིག་དང་ནམ་ཡང་མཚམས་མི་འཇོག་པའི་འབད་འཐབ་ཁྲོད་མངོན་པར་བྱེད་དགོས།

     ཏང་ཡོན་གྲངས་ལས་འདས་པས་རང་རང་སོ་སོའི་ལས་གནས་ཐོག་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཧུར་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་བཞིན་ཡོད། “གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཡིན་པས། དུས་ནམ་ཡང་མང་ཚོགས་རྣམས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་གི་ཡོད”ཅེས་པ་འདི་ནི་རང་རེའི་ཏང་ལ་གོང་བུ་འགྲིལ་ཤུགས་དང་བློ་སེམས་འགུགས་ཤུགས་ཆེ་ཤོས་ལྡན་པའི་རྒྱུ་རྐྱེན་གནས་ས་རེད་ལ། དུས་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་རྩ་བ་གནས་ས་དེའང་རེད།

      རྒྱང་ལམ་གསར་པར་རྒྱ་ཆེའི་ཏང་ཡོན་ཚོས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དང“རང་ཉིད་ཀྱིས་བསྒྲུབས་པ་ད་དུང་ཡང་འདང་གི་མེད་པའི”ཁེངས་སྐྱུང་གི་བསམ་པར་བརྟེན་ནས་སེམས་གཏིང་གི་དད་སེམས་གོམ་སྟབས་བརྟན་པོར་བསྒྱུར་ཚེ། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་གསར་པ་གཏོད་ཐུབ་ངེས་རེད།