འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་7ཉིན།

༄༅།།ཝང་དབྱི་ཡིས་ཡུག་རེན་ཉམས་ཉེན་ཐད་ཀྲུང་གོའི་ལངས་ཕྱོགས་བཤད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་07ཉིན། 14:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝ་ཏེ་ཧྥུའར་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས། ཡུག་རེན་གྱི་ཉམས་ཉེན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས་པ་རེད།

     ཝང་དབྱི་ཡིས་བསྟན་དོན། ཡུག་རེན་གྱི་ཉམས་ཉེན་ཡོ་རོབ་གླིང་དུ་བྱུང་ཡང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་དཀྱེལ་ཡངས་ཟོལ་མེད་དང་རྒྱུན་གཏན་འགྱུར་མེད་ཡིན་ཏེ། སྡུམ་པ་བྱས་ནས་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གདོང་གཏུག་བྱེད་མཁན་ལ་སྲོག་ཉེན་ཅན་གྱི་མཚོན་ཆ་མཁོ་འདོན་མི་བྱེད་པ། མི་མེད་གནམ་གྲུ་ཕྱིར་གཏོང་ཚུད་པའི་སྤྱོད་སྒོ་གཉིས་ལྡན་གྱི་དངོས་རྫས་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་བཅས་རེད། ཀྲུང་གོས་རྒྱལ་སྤྱིའི་འགན་འཁྲི་ནུས་ལྡན་ངང་བསྒྲུབས་པར་མ་ཟད། ད་དུང་པར་ཙིར་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དུ“ཞི་བདེའི་གྲོགས་པོའི”ཚོགས་ཆུང་བཙུགས་ནས་དམག་མཚམས་འཇོག་ཆེད་སྟོབས་ཤུགས་དེ་བས་ཆེ་བ་བསྡུས་པས། ཀྲུང་གོ་ཕྱོགས་ཀྱི་དོན་དངོས་དང་དྲང་གཞག་གི་ལངས་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ཁས་ལེན་བྱས་ཡོད།

     ཝང་དབྱི་ཡིས་བཤད་རྒྱུར། འཁྱགས་པ་མཐུག་པོ་ཆགས་པ་དེ་ཉིན་གཅིག་གྲང་བས་བྱུང་བ་མིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་ཐབས་སྟབས་བདེ་ཞིག་མེད་ཅེས་ཐེངས་མང་བསྟན་ཡོད། མིག་སྔར། དོ་བདག་ཕྱོགས་ཀྱི་ལངས་ཕྱོགས་ལ་སྔར་བཞིན་མི་མཐུན་པའི་ཆ་ཅུང་ཆེན་པོ་ཡོད་ན་ཡང་། འཐབ་འཛིང་བྱེད་པ་ལས་གླེང་མོལ་བྱས་ནས་དགའ། ཡོ་རོབ་ཀྱི་འདས་ཟིན་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་ནས་དུས་བབ་རྙོག་འཛིང་ཆེ་ཞིང་དཀའ་ངལ་ཇི་འདྲ་ཡོད་རུང་། ཞི་བདེ་དང་འདུམ་འགྲིག་གི་སྒོ་རྒྱག་མི་རུང་བ་ར་སྤྲོད་བྱུང་ཡོད། ཕྱོགས་ཁག་ཚང་མས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཁྱོན་ཡོངས་དང་ཡུན་རིང་ལ་ཚོད་འཛིན་ནུས་པ་ལྡན་པའི་ཞི་བདེའི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་ནས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་བཙུགས་ནས་ཡོ་རོབ་ཀྱི་ཡུན་རིང་བརྟན་ལྷིང་སྔ་ཙམ་མངོན་འགྱུར་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་མོས་བྱེད་ཀྱི་ཡོད།