འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་7ཉིན།

༄༅།།ཨ་རིའི་ཙུང་ཐུང་གིས་གསལ་བསྒྲགས་འདིར་མིང་རྟགས་བཀོད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་07ཉིན། 14:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་6ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་དྲ་ཐོག་ཏུ་ཏེ་ཁེ་ས་སི་མངའ་སྡེ་ཁེར་རྫོང་གི་གནོད་འཚེ་ཚབས་ཆེན་གྱི་གསལ་བསྒྲགས་ལ་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་མྱུར་སྐྱོབ་མི་སྣར་འཕྲལ་མར་དགོས་མཁོའི་ཐོན་ཁུངས་ཐོབ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག་ཐེ་རོན་ཕུ་སྲིད་གཞུང་གིས་མུ་མཐུད་མངའ་སྡེ་དང་ས་གནས་ཀྱི་འགོ་ཁྲིད་པ་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

     ཉེ་ཆར། ཨ་རིའི་ཏེ་ཁེ་ས་སི་མངའ་སྡེ་རུ་དྲག་ཆར་བབས་ནས་ཆུ་ལོག་ཚབས་ཆེན་ཐོན་པ་དང་། ས་ཁུལ་ཁག་གཅིག་གི་ཁང་པ་དང་། འཁོར་རིགས། འགྲོ་ལམ་བཅས་མང་པོ་ཞིག་གཏོར་བརླག་བྱུང་བ་རེད། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་6ཉིན། ཨ་རིའི་ཏེ་ཁེ་ས་སི་མངའ་སྡེའི་དཔོན་རིགས་ཀྱིས་ཆུ་ལོག་ལས་ཉུང་མཐར་ཡང་མངའ་སྡེ་དེའི་མི་59རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།