གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་07ཉིན། 14:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སུའུ་ལི་ནན་རྒྱལ་དམངས་གྲོས་ཚོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་6ཉིན། མི་རིགས་དམངས་གཙོ་ཏང་གི་འགོ་ཁྲིད་པ་ཀྲེན་ཉི་ཧྥུའུ·ཞི་མེང་སི་རྒྱལ་ཁབ་དེའི་ཙུང་ཐུང་གསར་པར་འདེམས་བསྐོ་བྱས་པ་རེད། ཞི་མེང་སི་ནི་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་འདིའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་དང་པོར་གྱུར།
ཞི་མེང་སི་ད་ལོར་ལོ་71ལ་སླེབས་པ་དང་། དེ་སྔོན་སུའུ་ལི་ནན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གྱི་འགན་འཁུར་ཡོད། 《སུའུ་ལི་ནན་སྐབས་དོན་ཚགས་པར》ཐོག་མོ་རང་བདམས་ཐོན་བྱུང་བ་ནི་རྒྱལ་ཁབ་དེའི་“བུད་མེད་ཆབ་སྲིད་ཀྱི་ཚད་བརྒལ་”ཞིག་ཡིན་ཞེས་བརྗོད་ཡོད།
སུའུ་ལི་ནན་གྱི་རྩ་ཁྲིམས་ནང་ཙུང་ཐུང་གི་འགན་འཁུར་ཡུན་ལོ་ལྔ་ཡིན་པ་དང་། བསྟུད་མར་འགན་འཁུར་ཆོག་པ་གཏན་འབེབས་བྱས་ཡོད།