གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་07ཉིན། 14:17】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ལི་ཅང་གཙང་པོར་བལྟ་བའི་ཐབས་ལམ་གསར་བ་ཞིག ཁྱོད་ཀྱིས་ཤེས་སམ། ལི་ཅང་གཙང་པོའི་གྲུ་སྟེང་དུ་བསྡད་ན། སྒེའུ་ཁུང་ནི་རང་བྱུང་གི་ཡུལ་ལྗོངས་ལེན་སྒྲོམ་ཡིན།
གྲུ་གཟིངས་ཀྱི་སྒེའུ་ཁུང་བརྒྱུད་ནས་ལི་ཅང་གཙང་པོར་བལྟས་ཚེ། ལྷེབ་རེ་རེ་ནི་བརྙན་ཤེལ་གྱི་རིམ་པ་སྲུང་བའི་གྱང་ཤོག་ཡིན། ཡུལ་སྐོར་གྲུ་གཟིངས་ལ་བསྡད་ནས་ལི་ཅང་གཙང་པོར་བསྐྱོད་སྐབས་སྒེའུ་ཁུང་ནི་ཡུལ་ལྗོངས་ལ་ལྟ་བའི་སྒེའུ་ཁུང་ཞིག་ཡིན་པ་མ་ཟད། ཀུའེ་ལིན་གྱི་རི་ཆུའི་སྣོད་བཅུད་རི་མོ་ལ་འགྲེལ་བཤད་བྱེད་པའི་དམིགས་བསལ་གྱི་ལྟ་ས་ཤིག་ཏུ་གྱུར་ཡོད། གྲུ་བཞི་དེའི་བར་གྱི་ཡུལ་ལྗོངས་ལེན་པའི་སྒྲོམ་གཞི་བརྒྱུད་ནས“ཆུ་དྭངས་རི་གཙང་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་གསོན་ཉམས་ལྡན་པའི་ལག་ལེན་མིག་མདུན་དུ་མངོན་གསལ་དོད་པོ་ཞིག་ཏུ་གྱུར།
མི་དམངས་དྲ་བ། ལེ་ཆི་ཅུན་གྱིས་པར་བླངས།
ཉེ་བའི་ལོ་ཤས་རིང་། ཀུའེ་ལིན་གྱིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་དེ་ལི་ཅང་གཙང་པོའི་སྣོད་བཅུད་སྲུང་སྐྱོང་བྱེད་འགོ་ཚུགས་སར་བྱས་ཏེ་སྣོད་བཅུད་དང་ཡུལ་སྐོར། ཞིང་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། “ཆུ་དྭངས་རི་གཙང་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ས་ཆ་དེའི་ཐོག་འོད་འཚེར་བ་རེད།
མི་དམངས་དྲ་བ། ལེ་ཆི་ཅུན་གྱིས་པར་བླངས།
ད་ལོའི་“ལྔ་གཅིག”གུང་གསེང་རིང་། ལི་ཅང་གཙང་པོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གྲུ་གཟིངས་དང་ཡུལ་སྐོར་གྲུ་གཟིངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་22.17སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་43.76%འཕར་ཡོད། (ལེ་ཆི་ཅུན། ལེང་ཀྲང་ཧུའེ། ཀྲུའུ་ཞའོ་ལིན། ཆན་ཞིན། ཧོ་ནིན། ཝེ་ཧོན།)
མི་དམངས་དྲ་བ། ལེ་ཆི་ཅུན་གྱིས་པར་བླངས།