གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་06ཉིན། 10:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
● ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1311.6བཏང་སྟེ། གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་2.8གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། གྲོང་གསེབ་གཞུང་ལམ་གྱི་ཚེ་སྲོག་བདེ་འཇགས་འགོག་སྲུང་ལས་གྲྭ་སྤྱི་ལེ་ཁྲི་1.5ལེགས་སྒྲུབ་བྱས་པ། གྲོང་གསེབ་གཞུང་ལམ་གྱི་ཉེན་ཆེའི་ཟམ་པ་1424ལ་སྒྱུར་བཀོད་བྱས་ཡོད། རྒྱལ་ཡོངས་སུ་གྲོང་གསེབ་གཞུང་ལམ་གྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་623ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་17.9བཏང་བ་དང་། རྣམ་གྲངས་དེར་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་1.3བསྡུས་པར་ཁྱོན་གླ་ཆ་སྒོར་དུང་ཕྱུར་1.2སྤྲད་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1311.6བཏང་སྟེ། གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་2.8གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། གྲོང་གསེབ་གཞུང་ལམ་གྱི་ཚེ་སྲོག་བདེ་འཇགས་འགོག་སྲུང་ལས་གྲྭ་སྤྱི་ལེ་ཁྲི་1.5ལེགས་སྒྲུབ་བྱས་པ། གྲོང་གསེབ་གཞུང་ལམ་གྱི་ཉེན་ཆེའི་ཟམ་པ་1424ལ་སྒྱུར་བཀོད་བྱས་ཡོད། རྒྱལ་ཡོངས་སུ་གྲོང་གསེབ་གཞུང་ལམ་གྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་623ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་17.9བཏང་བ་དང་། རྣམ་གྲངས་དེར་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་1.3བསྡུས་པར་ཁྱོན་གླ་ཆ་སྒོར་དུང་ཕྱུར་1.2སྤྲད་ཡོད།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར《གྲོང་གསེབ་གཞུང་ལམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། གྲོང་གསེབ་གཞུང་ལམ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དེ་གནས་བབ་གལ་ཆེན་དུ་བཞག་ནས་ལག་རྩལ་གྱི་ཚད་གཞི་མི་ལོན་པའི་གྲོང་གསེབ་གཞུང་ལམ་ལ་དུས་ཚོད་དམ་འཛིན་གྱིས་རིམ་སྤོར་སྒྱུར་བཀོད་བྱས་ནས་ཚད་གཞི་གང་མགྱོགས་ལོན་པར་བྱེད་དགོས་ཞེས་བསྟན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རེས་སྐོར་གསར་པའི་གྲོང་གསེབ་གཞུང་ལམ་མཐོར་འདེགས་བྱ་སྤྱོད་ལག་བསྟར་ཡག་པོ་བྱས་ཏེ། སྤུས་ཚད་དང་ཕན་འབྲས་ཕྱོགས་སྟོན་དུ་འཛིན་ཐོག གྲོང་གསེབ་གཞུང་ལམ་གསར་བརྗེས་སྒྱུར་བཀོད་ལ་སྐུལ་འདེད་གནད་སྨིན་བཏང་སྟེ། དེང་རབས་ཅན་གྱི་གྲོང་གསེབ་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།