གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་04ཉིན། 14:07】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2025ལོའི་ཟླ་7ཚེས་3ཉིན། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་《ཡུལ་དངོས་ཀྱི་སྒོའུ་ཁུང་ནས་སྤ་སེ་ཉོ་བའི་སྐོར་གྱི་བརྡ་ཁྱབ་》བཏང་བའི་ནང་དོན་ཆ་ཚང་གཤམ་གསལ།
གུས་པར་འོས་པའི་ཡུལ་སྐོར་བ་གྲོགས་པོ་ཚོ།
རང་ལོ་60(ལོ་60ཚུད་པ་)ཡན་གྱི་གྲོགས་པོ་རྒན་རྒོན་དང་། གྲོགས་པོ་དབང་པོ་སྐྱོན་ཅན། དེ་བཞིན་རང་ལོ་7ནས་15བར་གྱི་ཐོབ་ཐང་ལག་ཁྱེར་མ་སྤྲད་པའི་ལོ་ཆུང་བྱིས་པ་ཚོའི་ཡུལ་སྐོར་དགོས་མཁོ་སྟབས་བདེ་ཡོང་བ་དང་། ཁོང་ཚོར་“རིག་ནུས་ལག་རྩལ་སྤྱོད་དཀའི”གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཆེད། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་གྱིས་ཡུལ་དངོས་ནས་སྤ་སེ་ཉོ་མཁན་“རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་དམིགས་པའི་སྒེའུ་ཁུང་”བཙུགས་ཡོད་པས། ད་ལྟ་འབྲེལ་ཡོད་དོན་དག་གཤམ་གསལ་ལྟར་བརྡ་ཁྱབ་གཏོང་རྒྱུ་ཡིན།
གཅིག ཞབས་འདེགས་ཞུ་ཡུལ།
(གཅིག) རང་ལོ་60(ལོ་60ཚུད་པ་)ཡན་གྱི་རྒན་རྒོན་དང་།
(གཉིས།) དབང་པོ་སྐྱོན་ཅན་པའི་ལག་ཁྱེར་ཕན་གོ་ཆོད་པའི་དམིགས་བསལ་མི་ཚོགས།
(གསུམ།)རང་ལོ་7ནས་15བར་གྱི་ཐོབ་ཐང་ལག་ཁྱེར་མ་སྤྲད་པའི་ལོ་ཆུང་བྱིས་པ་བཅས་ཡིན།
གཉིས། སྔོན་ཉོ་བྱེད་སྟངས།
(གཅིག) ཉིན་གཅིག་གི་སྔོན་ལ་ཡུལ་དངོས་ནས་སྔོན་ལ་ཉོ་དགོས། རང་ལོ་60(ལོ་60ཚུད་པ་)ཡན་གྱི་རྒན་རྒོན་རྣམས་ཀྱིས་མི་རབས་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། ཞང་ཀང་དང་ཨའོ་མོན་གྱི་གྲོང་མིས་ནང་སར་འགྲོ་འོང་བྱེད་པའི་ལམ་ཡིག་དང་། ཐའེ་ཝན་གྱི་གྲོང་མིས་སྐམ་ས་ཆེན་པོར་འགྲོ་འོང་བྱེད་པའི་ལམ་ཡིག དབང་པོ་སྐྱོན་ཅན་པས་ཐོབ་ཐང་ལག་ཁྱེར་དང་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་དང་། རང་ལོ་7ནས་15བར་གྱི་ཐོབ་ཐང་ལག་ཁྱེར་མ་སྤྲད་པའི་ལོ་ཆུང་བྱིས་པ་རྣམས་ཀྱིས་ཐེམ་ཐོའམ་འབྲེལ་ཡོད་ཐོབ་ཐང་དཔང་ཡིག་ལ་བརྟེན་ནས་མཛེས་ལྗོངས་ཁུལ་གྱི་དམིགས་འཛུགས་སྒེའུ་ཁུང་ནས་སྤ་སེ་ཉོ་ལེན་གྱི་འགྲོ་ལུགས་འགྲིམས་དགོས།
(གཉིས། ཉོ་བའི་དུས་ཚོད། ཉིན་རེའི་སྔ་དྲོའི་ཆུ་ཚོད་9:00ནས་བཟུང་སྤ་སེ་འཚོང་རྒྱུ་དང་། འཚོང་འབོར་ལ་ཚད་ཡོད་པས། བཙོངས་ཚར་མ་ཐག་མཚམས་འཇོག་བྱ་རྒྱུ།
(གསུམ།)འཚོང་གནས། ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངག་ཁྲུའུ་“རྒན་རྒོན་དང་དབང་པོ་སྐྱོན་ཅན་པའི་ཆེད་དམིགས་སྒེའུ་ཁུང་”(ཞིབ་ཕྲ་མཛེས་ལྗོངས་ཁུལ་གྱི་འཛུལ་སའི་མཛུབ་ཁྲིད་མཚོན་རྟགས་ལ་གསལ།)
གསུམ། དྲན་སྐུལ་གལ་ཆེན།
(གཅིག) སྒེའུ་ཁུང་འདི་ནས་གོང་གསལ་གྱི་མི་ཚོགས་ཁོ་ནར་ཞབས་འདེགས་ཞུ་རྒྱུ་དང་། མི་སྣ་གཞན་དག་ཚོས་མཛེས་ལྗོངས་ཁུལ་གྱི་གཞུང་ཕྱོགས་དྲ་ཐོག་གི་ཐབས་ལམ་བརྒྱུད་ཁ་ཆད་གནང་རོགས།
(གཉིས།) མཛེས་ལྗོངས་ཁུལ་གྱི་གཞུང་ཕྱོགས་ཀྱིས་དབང་ཆ་མ་སྤྲད་པའི་སྒེར་རམ་ལས་ཁུངས་གང་རུང་གིས་“ཚབ་ཉོའི་ཁ་ཆད་”བྱས་ཆོག་པའམ་ཡང་ན་“གླ་ཡོན་ཚབ་ལེན་་”བྱས་ཆོག་ཅེས་པ་ཚང་མ་མགོ་སྐོར་གཏོང་བའི་བྱ་སྤྱོད་ཡིན་པས། དཔལ་འབྱོར་གྱི་གྱོང་གུན་མི་ཡོང་བའི་ཆེད་དུ། རང་དགར་ཡིད་ཆེས་བྱེད་མི་རུང་།
(གསུམ།) ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་སྒྲིག་གཞི་ཕྱོགས་གསུམ་པའམ་ཡང་ན་སྒེར་པ་གང་རུང་ལ་སྤ་སེ་ཚབ་འཚོང་གི་ལས་སྒོའི་དབང་ཆ་སྤྲད་མེད་པས། ཡུལ་སྐོར་བས་“ཕོ་བྲང་པོ་ཏ་ལའི་སྤ་སེ་མངག་ཉོའི་མ་ལག་”གམ་ཡང་ན་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་སུ་ཁ་ཆད་བྱས་ཆོག ཡུལ་སྐོར་བས་ཐབས་ལམ་གཞན་པའམ་ཡང་ན་སྤ་སེ་འཚོང་ས་བརྒྱུད་ནས་སྤ་སེ་ཉོས་པ་ལས་བྱུང་བའི་གྱོང་གུན་ཕོག་རིགས་ཀྱི་འགན་འཁྲི་རང་གིས་ཁུར་དགོས།
(བཞི།)ཉིན་རེར་ལྟ་སྐོར་སྤ་སེའི་གྲངས་ཚད་ལ་ཚད་གྲངས་ཡོད་པས། སྐུ་ཉིད་ཀྱི་འགྲུལ་བཞུད་འགོར་འགྱངས་མི་ཡོང་བའི་ཆེད་དུ། གྲོགས་པོ་ཡུལ་སྐོར་བ་རྣམ་པས་སྔ་ཙམ་ཁ་ཆད་བྱས་ནས་ལྟ་སྐོར་བའི་མི་གྲངས་སྔོན་ལ་གཏན་འཁེལ་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་པོ་ཕོ་བྲང་ཏ་ལའི་དོ་དམ་ཁྲུའུ་ནས།
2025ལོའི་ཟླ་7ཚེས་3ཉིན།