ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ནན་བཤད་གནང་དོན།
ཚའེ་ཆི་འགོ་ཚུགས་ཚོགས་འདུར་ཞུགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་04ཉིན། 10:29】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྟེན་འབྲེལ་འཕྲིན་ཡིག
ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་འགོ་ཚུགས་པའི་སྐབས་སུ། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་། གཞོན་ནུ་སློབ་མ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་ཧྭའི་གཞོན་ནུ་བཅས་ལ་འཚམས་འདྲི་ཞུ་གི་ཡིན།
ལོ་5ཡི་རིང་། ཏང་གི་འགོ་ཁྲིད་དང་གུང་གཞོན་སྡེ་ཚོགས་ཀྱི་རོགས་རམ་དང་མཛུབ་ཁྲིད་འོག རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། ཏང་གི་རྗེས་སུ་དམ་པོར་འབྲང་བ་དང་། འབད་འབུངས་ཡར་བརྩོན། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞོན་ནུ་རྣམས་ལ་ནུས་པ་འདོན་ས་མང་པོ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་རང་རྟོགས་ངང་ཉན་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར་བ་བཅས་བྱས་ཏེ། སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་བདེ་ཐང་ངང་འཚར་ལོངས་དང་བྱས་རྗེས་འཇོག་པར་ཆ་རྐྱེན་བཟང་པོ་སྐྲུན་དགོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་མཐུན་སྒྲིལ་སྣེ་ཁྲིད་དེ་བས་ལེགས་པར་བྱས་ནས། ཏང་དར་འོག་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་ཀྱིས་གྲུབ་འབྲས་གསར་པ་གཏོད་དགོས།
ཞི་ཅིན་ཕིང་ནས།
2025ལོའི་ཟླ་7ཚེས་2ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་འབྱོར་བའི་གློག་འཕྲིན)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོར། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་། གཞོན་ནུ་སློབ་མ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་ཧྭའི་གཞོན་ནུ་བཅས་ལ་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་འཁོད་དོན། ལོ་5ཡི་རིང་། ཏང་གི་འགོ་ཁྲིད་དང་གུང་གཞོན་སྡེ་ཚོགས་ཀྱི་རོགས་རམ་དང་མཛུབ་ཁྲིད་འོག རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། ཏང་གི་རྗེས་སུ་དམ་པོར་འབྲང་བ་དང་། འབད་འབུངས་ཡར་བརྩོན། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞོན་ནུ་རྣམས་ལ་ནུས་པ་འདོན་ས་མང་པོ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་རང་རྟོགས་ངང་ཉན་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར་བ་བཅས་བྱས་ཏེ། སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་བདེ་ཐང་ངང་འཚར་ལོངས་དང་བྱས་རྗེས་འཇོག་པར་ཆ་རྐྱེན་བཟང་པོ་སྐྲུན་དགོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་མཐུན་སྒྲིལ་སྣེ་ཁྲིད་དེ་བས་ལེགས་པར་བྱས་ནས། ཏང་གི་དར་ཆའི་འོག་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་ཀྱིས་གྲུབ་འབྲས་གསར་པ་གཏོད་དགོས། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་བཀོད་ཡོད)
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་འགོ་ཚུགས་ཚོགས་འདུར་ཞུགས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་རྩ་འཛུཌ་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱིས་ཀྲུང་གོའི་གཞོན་ནུའི་ལས་འགུལ་དེ་བས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། དུས་རབས་གསར་པའི་ཏང་གི་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས། ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རང་འཁྲིའི་ལས་འགན་ལ་བརྩིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་སྤོབས་སེམས་ཆེན་པོས་འགན་འཁྲི་ཧུར་ཐག་འཁུར་བའི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལི་ཀན་ཅེ་དང་། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཐེ་ཉིང་། པ་ཐེར་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུའི་ཐོག གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོའོ་ཡིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་ཞུས་ཞའོ་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་བདུན་པའི་ཀྲུའུ་ཞི་ཞུས་ཧུའེ་ཡིས་ཁག་སོ་སོར་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། པེ་ཅིང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་གཞོན་ནུ་དང་གཞོན་ནུ་སློབ་མའི་འཐུས་མི་སོགས་མི་3000ཙམ་འགོ་ཚུགས་ཚོགས་འདུར་ཞུགས་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་5ཡི་རིང་གི་ལས་དོན་ལ་ཕྱོགས་སྡོམ་དང་། འབྱུང་འགྱུར་ལོ་5ཡི་ལས་དོན་གྱི་ལས་འགན་ཞིབ་འཇུག་གཏན་འཁེལ། 《ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》དང《ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》ལ་བཟོ་བཅོས་རྒྱག་པ། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ལས་ཁུངས་བཅས་བདམས་པ་རེད།