འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་4ཉིན།

༄༅།།“ཧི་མ་ལ་ཡའི་མཐའ་འཁོར”གྱི་ཁེ་ལས་པའི་རྒྱལ་སྤྱིའི་ཚོགས་འདུར་རྣམ་གྲངས་11ལ་གན་རྒྱ་བཞག་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་04ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། “ཧི་མ་ལ་ཡའི་མཐའ་འཁོར་གྱི་སྟོབས་ཤུགས་གཅིག་ཏུ་འདུས། འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད”བརྗོད་དོན་གཙོ་བོར་བྱས་པའི“ཧི་མ་ལ་ཡའི་མཐའ་འཁོར”གྱི་ཁེ་ལས་པའི་རྒྱལ་སྤྱིའི་ཚོགས་འདུ་བོད་ལྗོངས་ཀྱི་ཉིང་ཁྲིར་འཚོགས་པ་རེད། སྲིད་གཞུང་དང་ཁེ་ལས་དབར་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོག་ཡུལ་དུ་མཉམ་ལས་རྣམ་གྲངས་11ལ་མིང་རྟགས་བཀོད་པ་ལས་རྣམ་གྲངས་གཉིས་ནི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡིན་པ་དང་། གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་48.05ཟིན་ཞིང་། དེར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཚུད་ཡོད་པས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།