འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་3ཉིན།

༄༅།།མཚོ་སྔོན་གྱིས་ས་ཁང་བདག་ཁོངས་ཀྱི“ལག་ཁྱེར་གཉེར་དཀའ་བའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་03ཉིན། 09:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། བྱ་བཟང་ཡག་པོ་སྒྲུབ་པ་དང་། བྱ་བ་དངོས་ཏན་ཏིག་སྒྲུབ་པ། སྒྲུབ་དཀའ་བའི་བྱ་བ་དོ་དོ་ནན་ནན་སྒྲུབ་པ་བཅས་བྱ་ཆེད། ད་ལོ་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོར་བཅུག་ནས་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱོགས་ཡོངས་ནས་གྲལ་བཤེར་དབྱེ་ཞིབ་དང་། སྲིད་ཇུས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་པ། བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བཅས་བྱས་ཏེ། ས་ཁང་བདག་ཁོངས་ཀྱི“ལག་ཁྱེར་གཉེར་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། 2024ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་ཁྱོན་ཁུལ་ཆུང་175ཡི་སྡོད་ཁང་ཁྲི་7.29ཡི“ལག་ཁྱེར་གཉེར་དཀའ་བའི”གནད་དོན་ཐག་གཅོད་བྱས་ཤིང་། དེའི་ནང་2025ལོར་ཁུལ་ཆུང་24ཡི་སྡོད་ཁང་ཁྲི་1.16ཐག་གཅོད་བྱས་པ་རེད།

     ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁང་བདག་ཁོངས་ཀྱི“ལག་ཁྱེར་གཉེར་དཀའ་བའི”གནད་དོན་དེ་2025ལོའི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་ཁོངས་སུ་བཅུག་ནས། དམངས་ཕན་བྱ་སྤྱོད་ཁག་བདུན”ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། བྱ་སྤྱོད་ཀྱི་ཇུས་གཞི་ཆེད་མངགས་བཟོ་བ། རིགས་དབྱེ་ཇུས་བསྟར་གྱིས་ཐོ་འགོད་སྔོན་གྱི་འགྲོ་ལུགས་འཐུས་ཚང་དུ་གཏོང་བ། ལོ་རྒྱུས་ཐོག་ཐག་གཅོད་བྱེད་འཕྲོར་ལུས་པའི་ས་ཁང་བདག་ཁོངས་ཀྱི“ལག་ཁྱེར་གཉེར་དཀའ་བའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། སྤྱོད་ཚུལ་ལེགས་སུ་ཤུགས་ཆེན་བཏང་བར་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་བར་སྐུལ་འདེད་བཏང་བ་རེད།

    ས་ཁང་བདག་ཁོངས་ཀྱི“ལག་ཁྱེར་གཉེར་དཀའ་བའི”གནས་ཚུལ་ལ་བརྟག་དཔྱད་ཞིབ་ཚགས་བྱེད་པའི་རྨང་གཞིའི་ཐོག་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཞིང་ཆེན་རིམ་པའི་སྡེ་ཚན་གྱི་མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་གི་ནུས་པ་གང་ལེགས་བཏོན་ཏེ་དུས་ཐོག་ཏུ་རྩིས་ཐོ་བཟོས་པ་དང་གསར་པར་བརྗེས་ནས“གནད་དོན་ཡོད་པའི་ཁུལ་ཆུང”སྡོད་ཁང་འཛུགས་སྐྲུན་དང་། ཁྲལ་དོན། དངུལ་རྩ་ལྟ་འདོམས། ཡིག་འབུལ་ཞུ་བཅར་སོགས་སྡེ་ཚན་ལ་བརྒྱུད་སྤྲོད་བྱས་ཏེ། འགན་འཁྲི་ཁག་བགོས་ལྟར་དམིགས་སའི་རང་བཞིན་གྱིས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་གྱི་དཀའ་གནད་སེལ་བར་སྐུལ་འདེད་གཏོང་བ། སྒྲུབ་ཐོ་བཀོད་ནས་ཚར་རིམ་བཞིན་ཐོ་སུབ་པའི་ལས་དོན་སྒྲུབ་སྟངས་སྤྱོད་པ་བཅས་བྱས་ཏེ་སྒུལ་རྣམ་བཞིན་རྗེས་སྙེག་བཀོད་གཏོང་བྱས་པ་རེད། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་སྔར་བས་ཤར་གཏོང་བྱེད་པ་དང་། གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་རྒྱ་ཁྱབ་བྱེད་པ། དུད་ཚང་དང་ཡུག་ཁུལ་འགན་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བཅས་བྱས་ཏེ། གནད་དོན་སྣ་ཚོགས་གོ་རིམ་ལྡན་པའི་ངང་སེལ་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད།