འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་2ཉིན།

༄༅།།སྐད་འཕྲིན་གྱི་གྲོགས་ཚོམས་ལ་འགྱུར་བ་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་02ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། སྐད་འཕྲིན་གྲོགས་ཚོམས་“ཐུན་མོང་གྲོགས་པོས་བསྟོད་བསྔགས་དྲན་སྐུལ་དང་ལེན་མི་བྱེད་པའི”ནུས་པ་ཐོན་ཡོད། སྒོ་ཕྱེ་རྗེས། ཐུན་མོང་གི་གྲོགས་པོས་ཁྱོད་ལ་མཉམ་འགུལ་བྱས་མྱོང་བའི་གྲོགས་ཚོམས་སུ་བསྟོད་བསྔགས་དང་དཔྱད་གཏམ་སྤེལ་སྐབས། མ་ལག་གིས་དམར་ཚེག་གིས་དྲན་སྐུལ་མི་གཏོང་མོད། འོན་ཀྱང་སྔར་བཞིན་ཆ་འཕྲིན་རེའུ་མིག་ནང་ནས་བལྟ་ཆོག དེ་ནི་ཐུན་མོང་གྲོགས་པོ་མཉམ་འགུལ་བྱེད་སྐབས་བརྡ་མི་གཏོང་བ་རེད།

    སྒོ་འབྱེད་ཐབས། སྐད་འཕྲིན་པར་གཞི་གསར་ཤོས་སུ་གསར་སྒྱུར་བྱས་རྗེས། "ང་"-"གྲོགས་ཚོམས་"-"ངའི་གྲོགས་ཚོམས་"-གཡས་ཟུར་གྱི་…"-"ཆ་འཕྲིན་རེའུ་མིག"-ཡང་བསྐྱར་གཡས་ཟུར་སྟེང་གི་རྟགས་…མནན་ནས་"ཆ་འཕྲིན་དོ་དམ"ནང་དུ་འཛུལ་དགོས། སྐབས་དེར་“གྲོགས་པོ་དང་ངའི་བར་ཁོ་ནའི་མཉམ་འགུལ་བྱེད་པའི་དྲན་སྐུལ”ཞེས་པའི་སྒྲིག་བཀོད་དྲ་ངོས་གཅིག་མང་དུ་ཕྱིན་ཡོད།