“བྱེ་ཐང་དང་། གྲམ་ཐང་། ཐང་སྟོང”བཅས་ཀྱི་རྟེན་གཞི་ཆེན་པོ་ནས་གློག་གཏོང་བའི་ཆེས་མཐོ་གནོན་གྱི་ཐད་རྒྱུག་ལས་གྲྭ་སྟེ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་01ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་དབྱིན་ཁྲོན་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་15ཙམ་ལ “བྱེ་ཐང་དང་། གྲམ་ཐང་། ཐང་སྟོང”བཅས་ཀྱི་རྟེན་གཞི་ཆེན་པོ་ནས་གློག་གཏོང་བའི་ཆེས་མཐོ་གནོན་གྱི་ཐད་རྒྱུག་ལས་གྲྭ་སྟེ“ཉིང་ཞ་ཡི་གློག་ཧུའུ་ནན་དུ་གཏོང་བའི”ལས་གྲྭ་ཆུ་ཚོད་168ཚོད་ལྟའི་གཉེར་སྐྱོང་བྱས་ནས་ནས། ཆན་ཝ་ཁྲི་400ཡི་གློག་གཏོང་བའི་ཆ་རྐྱེན་འཛོམས་ཡོད།
“ཉིང་ཞ་ཡི་གློག་ཧུའུ་ནན་དུ་གཏོང་བའི”ལས་གྲྭ་དེ་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་ཀྲུང་ཉིང་གློག་སྒྱུར་ས་ཚིགས་ནས་གཏོང་འགོ་ཚུགས་པ་དང་། ཀན་སུའུ་དང་། ཧྲའན་ཤིས། ཁྲུང་ཆིང་། ཧུའུ་པེ་བཅས་བརྒྱུད་ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་ཧེང་དབྱང་གློག་སྒྱུར་ས་ཚིགས་སུ་འབྱོར་གྱི་ཡོད། སྐུད་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་1616ཟིན་པ་དང་། མ་དངུལ་བསྡོམས་སྒོར་དུང་ཕྱུར་281བཏང་ཞིང་། ལས་གྲྭའི་ནུས་རྒྱུ་གསར་པའི་གློག་གཏོང་བའི་བསྡུར་ཚད་50%ལྷག་ཙམ་ཟིན་ཡོད།
སྔོན་དཔག་བྱས་ན། ཟླ་9པའི་ཟླ་དཀྱིལ་དུ“ཉིང་ཞ་ཡི་གློག་ཧུའུ་ནན་དུ་གཏོང་བའི”ལས་གྲྭ་ཕྱོགས་ཡོངས་ལས་མཇུག་འགྲིལ་ནས་གློག་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། སྐབས་དེ་དུས་ཆན་ཝ་ཁྲི་800ཟིན་པའི་གློག་གཏོང་བའི་ཆ་རྐྱེན་འཛོམས་ནས། ཉིང་ཞ་དང་མཐའ་འཁོར་གྱི“བྱེ་ཐང་དང་། གྲམ་ཐང་། ཐང་སྟོང”བཅས་ས་ཁུལ་གྱི་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་དང་། སྒྲིག་སྦྱོར། བཀོལ་སྤྱོད་བདག་སྐྱོང་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་སྟེ། ནུས་རྒྱུའི་མ་ལག་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་ཐེབས་རྒྱུ་རེད།