ཀུའེ་ཚུང་ལུའུ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་01ཉིན། 10:16】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རབ་བྱུང་གཅིག་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། བོད་ལྗོངས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ་དེ་ནི་གྲོང་མི་ཚོར་བཅོལ་བའི་ཐུགས་རེ་ཟབ་མོ་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གནང་བའི་ལྕག་སྐུལ་ཞིག་ཀྱང་རེད།
ཀ་ལ་གྲོང་ཚོའི་འཚོ་བ་ཡག་པོ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད། དུས་རབས་གསར་པ་ཤར་ཚུན། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འཕོ་འགྱུར་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ཏུ་སླེབས་ཡོད། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་གྲོང་མི་ཚོའི་བབ་ཆགས་པའི་སྐད་ཆ་ལས་གནས་ལུགས་ཟབ་མོ་ཞིག་གསལ་བཤད་ཐུབ་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དེ་རེད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་རྔུལ་ཆུར་བརྟེན་ཏེ་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད།
བདེ་སྐྱིད་ནི་གནམ་ནས་ཟགས་མི་སྲིད། མཐར་གཏུགས་ནས་བཤད་ན་ལག་ཟུང་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་བྱེད་དགོས། ཏང་དང་མི་དམངས་ཀྱིས་བསམ་བློ་མཉམ་དུ་གཏོང་བ་དང་ལས་དོན་མཉམ་དུ་བསྒྲུབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བཞིན་མདུན་སྐྱོད་བྱས་ན། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་རེད།