གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་30ཉིན། 14:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་བ་6པའི་ཚེས་26ཉིན། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བརྡ་ཐོ་བཏང་དོན་དུ། ཟླ་6པའི་ཚེས་28ཉིན་ནས་བཟུང་། འགྲུལ་པས་3Cམཚོན་རྟགས་མེད་པ་དང་། 3Cམཚོན་རྟགས་མི་གསལ་བ། གློག་གསོག་ཆས་ཕྱིར་བསྡུས་བའམ་ཐོན་སྐྱེད་བྱེད་ཐེངས་མཚུངས་རིགས་རྒྱལ་ནང་གི་དུས་གཏན་གནམ་གྲུའི་ཐོག་ཁུར་མི་ཆོག
ཉེ་ཆར། དྲ་གྲོགས་མང་པོ་ཞིག་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གླེང་དོན་བཞག་ནས། རང་གི་གློག་གསོག་ཆས་གནམ་གྲུའི་ཐོག་ཏུ་འཁྱེར་བཅུག་མ་བྱུང་ཟེར། ཡུལ་དངོས་ཀྱི་འདྲ་པར་དུ་འགྲུལ་པ་མང་པོའི་གློག་གསོག་ཆས་བཀག་ཉར་བྱས་པ་མངོན།
ད་ལམ། ས་ཆ་མང་པོའི་གནམ་ཐང་གིས་འབྲེལ་ཡོད་ཚོང་རྟགས་ཀྱི་གློག་གསོག་ཆས་ཕྱིར་བསྡུས་རིགས་སམ་ཡང་ན་ཐོན་སྐྱེད་བྱེད་ཐེངས་མཚུངས་རིགས་གནམ་གྲུའི་ཐོག་འཁྱེར་མི་ཆོག་པ་བཟོས། འོ་ན། ཅི་ཞིག་ལ་3Cཟེར། བདེན་རྫུན་ཇི་ལྟར་དབྱེ་འབྱེད་དགོས། དེ་མིན་དངོས་པོ་གང་དག་གནམ་གྲུའི་ཐོག་ཁུར་མི་ཆོག་པ་རེད་དམ་ཞེ་ན།
ཅི་ཞིག་ལ་3Cབདེན་དཔང་ཟེར།
3Cབདེན་དཔང་ནི་(ཀྲུང་གོའི་བཙན་ཤེད་ཀྱི་ཐོན་རྫས་ངོས་འཛིན་)རང་རྒྱལ་གྱིས་འཛད་སྤྱོད་པའི་མི་ལུས་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས། དེ་མིན་ཁོར་ཡུག་བཅས་སྲུང་སྐྱོང་བྱེད་ཆེད། ཁྲིམས་ལྟར་ལག་བསྟར་བྱས་པའི་བཙན་ཤེད་རང་བཞིན་གྱི་ཚོང་རར་ཞུགས་པའི་ལམ་ལུགས་ཟེར།
3Cབདེན་རྫུན་ཇི་ལྟར་འབྱེད་དགོས་ཞེ་ན།
དངོས་སྣང་གི་ཚོར་བ་ཡོད་པ།
3Cབདེན་དཔང་མཚོན་རྟགས་མདུན་ངོས་ཀྱི་གསལ་ཆ་སྒྲིག་པའི་འོད་ལ་བལྟས་ན། མཚོན་རྟགས་ངོས་དཀར་པོ་དང་རྒྱན་རིས་ནག་པོ་ཡིན། མིག་གིས་མཚོན་པར་རིས་ལ་བལྟས་ནས་བརྟག་པ་དང་། 3Cབདེན་དཔང་མཚོན་རྟགས་གཟེ་དབྱིབས་ལ་ལྟ་དུས། མཚོན་རྟགས་དེའི་ངོས་མངོན་སྣང་གི་ཚོར་བ་ངོ་མ་ཡོང་། གལ་ཏེ་མངོན་སྣང་མེད་ན། རྫུན་མ་ཡིན་པ་མཚོན།
རྫུན་འགོག་ཨང་རྟགས།
བདེ་འཇགས་ཀྱི་བདེན་དཔང་ལྡན་པའི་ཚོང་རྫས་རེ་རེ་ཚང་མར་ཨང་རྟགས་ཡོད། 3Cམཚོན་རྟགས་བཤུས་རྗེས་རྫུན་འགོག་ཨང་རྟགས་མཐོང་ཐུབ། ཚོང་རྫས་རྫུན་མ་ཡིན་ན་ཨང་རྟགས་འདི་མེད། 3Cམཚོན་རྟགས་ངོ་མ་ཡིན་ན། མཚོན་རྟགས་བཀོག་རྗེས་མཚོན་རྟགས་དེ་བེད་མེད་དུ་གྱུར་ནས། སྦྱར་མི་ཐུབ། དེའང་དབྱེ་བ་འབྱེད་ཐབས་གཅིག་རེད།
དྲྭ་ཐོག་འཚོལ་བཤེར།
ཀྲུང་གོའི་སྤུས་ཀ་དཔང་གཅོད་ལྟེ་གནས་ཀྱི་གཞུང་ཕྱོགས་དྲྭ་ཚིགས་སུ་ནང་འཇུག་བྱས་རྗེས། དཔང་ཡིག་འཚོལ་བཤེར་གནོན་པ། དེ་ནས་ཚོང་རྫས་ཐོན་སྐྱེད་བཟོ་གྲྭ་བདམས་རྗེས། གལ་ཏེ་མཇུག་འབྲས་འཚོལ་བཤེར་ཐུབ་ན་རྒྱལ་ཁབ་ཀྱི་བདེ་འཇགས་ཚད་གཞི་དང་འཚམ་པ་མཚོན། གལ་ཏེ་དཔང་ཡིག་མ་རྙེད་ན་རྫུན་མ་རེད།
3Cམཚོན་རྟགས་ཡོད་པའི་གློག་གསོག་ཆས་ཀྱང་གནམ་གྲུའི་ཐོག་བེད་སྤྱད་མི་ཆོག
དེ་མིན་དངོས་པོ་གང་དག་གནམ་གྲུའི་ཐོག་ཁུར་མི་ཆོག་གམ།
གལ་ཏེ་གཟབ་གཟབ་མ་བྱས་པར་གོང་ཞུས་དངོས་པོ་གནམ་གྲུའི་ཐོག་འཁྱེར་བ་ཡིན་ན། སེམས་མ་འཚབ། འདིར་བྱེད་ཐབས་གཉིས་ཡོད་པ་ཞུས་ན། མྱུར་སྐྱེལ་འགྲོ་ལུགས་འགྲིམས་པ་དང་ཅ་དངོས་མངག་བཅོལ་བྱས་ཆོག
གནམ་གྲུ་ཆེ་གྲས་ཁག་ལ་མྱུར་སྐྱེལ་བྱེད་གནས་སམ་ཅ་དངོས་བཅོལ་ས་ཡོད། ཁྱེད་རང་གིས་ཅ་དངོས་དེ་རང་གི་འདོད་མོས་ཀྱི་གནས་སུ་བསྐུར་བའམ་ཡང་ན་གནམ་ཐང་དུ་མངག་བཅོལ་བྱས་ནས། ཕྱིར་ལོག་དུས་བླངས་ཆོག