འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་1ཉིན།

༄༅།།ན་ནིང་རིག་གནས་ཐོན་ལས་ཀྱི་ཚོང་གཉེར་ཡོང་འབབ་ དུས་མཚུངས་ལས་7.1%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་30ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་2024ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་191423ཟིན་པ་དང་། ཚོང་གཉེར་ཡོང་འབབ་ཀྱི་གྲངས་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་ལོ་གོང་མ་ལས་7.1%འཕར་ཡོད།

     2024ལོར། རང་རྒྱལ་གྱི་རིག་གནས་ཐོན་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་17737ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་1291འཕར་ནས་7.9%འཕར་བ་དང་། རིག་གནས་སྒྲིག་ཆས་ཐོན་སྐྱེད་དང་། གསར་འགྱུར་ཆ་འཕྲིན་ཞབས་ཞུ། ནང་དོན་གསར་རྩོམ་ཐོན་སྐྱེད། བསམ་བཀོད་ཇུས་འགོད་ཞབས་ཞུ་བཅས་ལས་རིགས་4ཡི་ཚོང་གཉེར་ཡོང་འབབ་འཕར་ཚད་ཅུང་མགྱོགས་པ་སྟེ་ལོ་གོང་མ་ལས་11.2%དང་། 8.6% 8.4% 7.2%བཅས་སོ་སོར་འཕར་བ། རིག་གནས་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་109134ཟིན་པ་དེ་ལོ་གོང་མ་ལས་7.4%འཕར་བ་དང་རིག་གནས་ཐོན་ལས་ཚོང་གཉེར་ཡོང་འབབ་ཡོངས་ཀྱི་ནང་བཟུང་བའི་བསྡུར་ཚད་57.0%ཟིན་ཏེ་རིག་གནས་ཐོན་ལས་ཀྱི་ཚོང་གཉེར་ཡོང་འབབ་འཕར་བར་ལེགས་སྐྱེས་འབུལ་ཚད་59.1%ཟིན་ཡོད།