རིམ་སྤེལ་བྱེད་སྒོས་ཁེ་ལས་འབྲིང་ཆུང་ལ་ཚོང་ལས་ཀྱི་གོ་སྐབས་བཏོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་30ཉིན། 10:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཀྲུང་གོ་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་འགྲེམས་ཚོགས་སྐབས་ཉི་ཤུ་པ་ཀོང་ཀྲོའུ་རུ་འགོ་ཚུགས་ཤིང་། སྐབས་འདིའི་ཀྲུང་གོ་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་འགྲེམས་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ནས་ཡོང་བའི་ཁེ་ལས་2000ལྷག་ཙམ་ཞུགས་པ་མ་ཟད། ཚོང་དོན་སྦྲེལ་མཐུད་དང་། ཐོན་རྫས་འོས་སྦྱོར། ཐོན་རྫས་གསར་པ་ཁྱབ་བསྒྲགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཁག་གི་ཁེ་ལས་འབྲིང་ཆུང་ལ་མཉམ་དུ་ཚོང་ལས་ཀྱི་གོ་སྐབས་གཏོད་པ་དང་། མཉམ་དུ་མཉམ་ལས་གླེང་བ། འབྱུང་འགྱུར་མཉམ་སྤྱོད་བཅས་ལ་རམ་འདེགས་བྱ་རྒྱུ་རེད།
འགོ་ཚུགས་མཛད་སྒོར་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་ཕྱོགས་སྒྱུར་གྲོང་ཁྱེར་གྱི་ཚོད་ལྟའི་མིང་ཐོ་ཁག་གསུམ་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཀྲུང་གོ་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་འགྲེམས་ཚོགས་ཐོག་ཐོན་རྫས་གསར་པ་ཁྱབ་བསྒྲགས་དང་། གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་གཙོ་བོ་དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་དབར་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་འཇོག་པ། ཁེ་ལས་འབྲིང་ཆུང་མཚོ་སྒྲོལ་ཞབས་ཞུའི་ཆེད་དོན་བྱ་སྤྱོད་དྲ་ཐོག་ནས་སྤེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
སྐབས་འདིའི་ཀྲུང་གོ་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་འགྲེམས་ཚོགས་ཐོག་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཆེད་ཞིབ་ཁྱད་གསར་བཞིའི་འགྲེམས་ཁུལ་གྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ཅིང་། འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་ཁྱོན་1145ཡོད་པའི་ནང་རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་མཁན་ཁེ་ལས་41དང་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཆུང་གྲས་395ཡོད་པས། རང་རྒྱལ་གྱི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཀྱི་སྤྱི་ཡོངས་ཀྱི་རྣམ་པ་མངོན་ཡོད།