གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་25ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མེའོ་ཏེ་ཡུས་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས། ལིའུ་ཏུང་ཧྲུན་ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས། ཧོང་སན་ཝུན་ཀྲུང་གོའི་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་(པུའུ་ཀྲང་རིམ་པ་གཞོན་པ་)རུ་བསྐོ་གཞག་བྱས།
ཀྲུང་གོའི་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཝུའུ་ཁུང་མིང་གི་གོ་གནས་ཕྱིར་འཐེན་བྱས། འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཏུང་ཧྲུན་གྱི་གོ་གནས་ཕྱིར་འཐེན་བྱས།