འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་25ཉིན།

༄༅།།ཟླ་བ་དང་པོ་ནས་ལྔ་པའི་བར་འཕྲུལ་ཆས་བཟོ་ལས་རྒྱུན་མཐུད་འཕར་བའི་རྣམ་པ་མངོན་པ།

རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་11.2%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་25ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ● ཟླ་བ་དང་པོ་ནས་ལྔ་པའི་བར་འཕྲུལ་ཆས་བཟོ་ལས་དང་འབྲེལ་བ་གཙོ་བོ་ཡོད་པའི་ལས་རིགས་ཆེན་པོ་ལྔའི་འཕར་ཐང་དུས་མཚུངས་ལས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

    ● རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་8.4%འཕར་བ་དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་3.7%འཕར་བ། རླངས་འཁོར་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་11.2%འཕར་བ། གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་12.3%འཕར་བ། དཔྱད་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.9%འཕར་བ།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་ལྔ་པའི་བར་འཕྲུལ་ཆས་བཟོ་ལས་དང་འབྲེལ་བ་གཙོ་བོ་ཡོད་པའི་ལས་རིགས་ཆེན་པོ་ལྔའི་འཕར་ཐང་དུས་མཚུངས་ལས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་8.4%འཕར་བ་དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་3.7%འཕར་བ། རླངས་འཁོར་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་11.2%འཕར་བ། གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་12.3%འཕར་བ། དཔྱད་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.9%འཕར་བ་བཅས་རེད།

    གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པའི་ཐད་རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་17.5%འཕར་བ་དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.9%འཕར་བ། རླངས་འཁོར་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་23.4%འཕར་བ་བཅས་རེད།

     འཕྲུལ་ཆས་བཟོ་ལས་ཀྱི་ཚབ་མཚོན་རང་བཞིན་གྱི་ཐོན་རྫས་ཁྲོད་ཟླ་བ་དང་པོ་ནས་ལྔ་པའི་བར་ལྕགས་རིགས་གཏུབ་གཞོག་འཁོར་སྟེགས་ཀྱི་ཐོན་ཚད་རིམ་རྩིས་བརྒྱབ་ན་ཁྲི་33ཟིན་པ་དེ་དུས་མཚུངས་ལས་13.3%འཕར་བ་དང་། བཟོ་ལས་འཕྲུལ་མིའི་ཐོན་ཚད་རིམ་རྩིས་བརྒྱབ་ན་ཁྲི་28.7ཟིན་པ་དེ་དུས་མཚུངས་ལས་32%འཕར་བ། གློག་འདོན་འཕྲུལ་འཁོར་གྱི་ཐོན་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཁྲི་13743ཟིན་པ་དེ་དུས་མཚུངས་ལས་75.9%འཕར་བ། ཉི་ནུས་གློག་རྫས་ཀྱི་ཐོན་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཁྲི་30492ཟིན་པ་དེ་དུས་མཚུངས་ལས་18.3%འཕར་བ་བཅས་རེད།