འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་25ཉིན།

༄༅།།སི་ཁྲོན་གྱི་ཞིང་པ་ལས་མིའི་ལུས་རྩལ་འགྲན་ཚོགས་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་25ཉིན། 09:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སི་ཁྲོན་གྱི་ཞིང་པ་ལས་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ(པེ་ཅིང)པེ་ཅིང་གྲོང་ཁྱེར་ཏི་ཐན་ལུས་རྩལ་ལྟེ་གནས་སུ་འཚོགས་ཤིང་། པེ་ཅིང་དུ་བཅའ་སྡོད་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་ཞབས་ཞུའི་ས་ཁོངས་ནས་ཡོང་བའི་སི་ཁྲོན་གྱི་ཞིང་པ་ལས་མི་དང་དེ་བཞིན་མཉམ་དུ་ཁྲིད་པའི་ལོ་5ནས་ལོ་14བར་གྱི་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་དང་། པེ་ཅིང་དུ་ཡོད་པའི་སི་ཁྲོན་གྱི་ཁེ་ལས་སུ་ལས་ཀ་བྱེད་མཁན་ཞིང་པ་ལས་མི་ཁྱོན་656ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་པ་རེད།

    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཕིང་ཕང་སྤོ་ལོ་དང་། མཉམ་སྡེབ་ཐག་མཆོང་། མིག་མངས། ཕ་མ་བུ་ཕྲུག་གི་རྒྱུག་མཐུད་འགྲན་བསྡུར། མི་གསུམ་གྱི་ལན་ཆིའུ་སྤོ་ལོ་སོགས་རྣམ་གྲངས་ཆེན་པོ་ཁག་བརྒྱད་ཡོད་པ་རེད། དེའི་རིང་ད་དུང་བརྗོད་དོན་གཙོ་བོའི་གྲོང་ཁྱེར་དང་ཀྲོའུ་ཡི་འོས་སྦྱོར་འདུ་ཚོགས་དང་སི་ཁྲོན་ཞིང་ཆེན་གྱི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་མཉམ་དུ་གཉེར་ཡོད། འོས་སྦྱོར་འདུ་ཚོགས་ཐོག་པཱ་ཀྲུང་གྲོང་ཁྱེར་དང་། གཡག་ལྔ་གྲོང་ཁྱེར། མེན་དབྱང་གྲོང་ཁྱེར་ཙི་ཐུང་རྫོང་བཅས་ཀྱིས་ཀུང་སི་གསུམ་དང་མཉམ་ལས་འདོད་མཐུན་བཞག་པ་དང་། “སི་ཁྲོན་གྱི་ཐོན་རྫས་སྤུས་མ་གནམ་འོག་ཀུན་ལ་དར” ཞེས་པའི་སི་ཁྲོན་གྱི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་ཐོན་རྫས་སྤེལ་རེས་བྱེད་སྒོའི་ཁྲོད་དྲ་ཐོག་དང་དྲ་ཕྱི་ནས་བྲིན་ཚོང་བྱེད་ཚད་སྒོར་ཁྲི་500ཟིན་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་རེད།