གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་25ཉིན། 09:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ད་ཆ་ནད་ལྟ་བར་དངོས་གནས་སྟབས་བདེ་པོ་འདུག ཐག་ཉེ་སར་སྨན་བཅོས་ཐུབ་པ་མ་ཟད། སྨན་རིན་ལའང་གྲོན་ཆུང་ཐུབ་ཀྱི་འདུག” ཟླ་6ཚེས་16ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཅིན་ཨན་ཁུལ་ཆུང་དུ་ཡོད་པའི་ཚེ་རིང་སྒྲོལ་མ་ལག་པ་རྨས་ཏེ་མཚོ་ལྷོ་ཀྲོའུ་མི་དམངས་སྨན་ཁང་དུ་བརྟག་དཔྱད་བསྐྱར་མ་བྱེད་པར་བསྐྱོད་པ་དང་། སྨན་བཅོས་བདེ་བླག་བྱུང་ནས་དུས་ཚོད་དང་སྨན་རིན་གཉིས་ཀར་གྲོན་ཆུང་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། མཚོ་ལྷོ་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་རིགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། སྨན་བཅོས་ཞིབ་བཤེར་དང་བརྟག་དཔྱད་བསྐྱར་ཟློས་བྱེད་པར་བཅོས་སྒྲིག་དང་ཞིབ་བཤེར་དང་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་ལས་དོན་ལ་མཉམ་དུ་འབད་བརྩོན་བྱེད་པར་སྐུལ་འདེད་བཏང་སྟེ། ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་བ་དང་། མང་ཚོགས་ཀྱིས“སྒོ་རྩ”ནས་སྤུས་ལེགས་དང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་། མང་ཚོགས་ཀྱི་སྨན་བཅོས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ཞིབ་བཤེར་དང་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་ཆེད། མཚོ་ལྷོ་ཀྲོའུ་མི་དམངས་སྨན་ཁང་དུ་གསོ་རིག་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་དོ་དམ་ལྟེ་གནས་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་གྱི་རྒྱང་བསྟེན་སྨན་བཅོས་ལས་སྟེགས་བརྒྱུད། གཞུང་བཙུགས་སྨན་ཁང་11དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང་41གི་རིག་ཚན་མང་བའི་བརྟག་དཔྱད་མ་ལག་འབྲེལ་མཐུད་མངོན་འགྱུར་བྱས་ཏེ། རྒྱང་བསྟེན་སྙིང་པར་དང་། བརྙན་པར། སྒྲ་བརྒལ་བརྟག་དཔྱད་བཅས་བྱས་ནས་ནད་པས་ཤང་ནས་རྫོང་དང་། ཀྲོའུ། ཞིང་ཆེན་བཅས་རིམ་པའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད། མིག་སྔའི་བར་ནད་ཐོག་སྨན་བཅོས་བརྟག་དཔྱད་ཀྱི་རྣམ་གྲངས་ཁག་422ཕན་ཚུན་ཁས་ལེན་བྱས་པ་དང་། ཀྲོའུ་དང་། རྫོང་། ཤང་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞིས་ཕན་ཚུན་ཁས་ལེན་ཐེངས་33364བྱས་པར། ནད་པར་བརྙན་པར་དང་། Bསྒྲ་རླབས། སྙིང་པར་རླབས་རིས་དང་དེ་བཞིན་ཞིབ་བཤེར་འགྲོ་གྲོན་སྣ་ཚོགས་སྒོར་ཁྲི་51.3གྲོན་ཆུང་ཐུབ་ཡོད་པ་རེད།