མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ལེ་ཚན་གྱི་ཁྲུང་ཆིང་བརྟག་ཞིབ་བཅར་འདྲི་ཚོགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་17ཉིན། 14:45】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན་གྱི་མཛེས་ལྗོངས།
གནམ་སྔོན་པོ། སྤྲིན་དཀར་པོ། གཙང་པོ། ཟམ་ཆེན་ལ་སོགས་པ་……། ཉེ་ཆར། ཁྲུང་ཆིང་པའེ་ཅུས་དགོན་འབྲི་ཆུའི་ཟམ་ཆེན་གྱིས་དེའི་ཐུན་མོང་མ་ཡིན་པའི་ཇུས་འགོད་ལ་བརྟེན་ནས་གྲོང་མི་དང་ཡུལ་སྐོར་བ་དབྱར་དུས་ཡུལ་སྐོར་ལ་འགྲོ་སྐབས་པར་རྒྱག་སའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། བརྗིད་ཉམས་ལྡན་པའི་ཟམ་པ་དེ་འབྲི་ཆུའི་ངོགས་གཉིས་སུ་ཀྲོང་ངེར་བརྐྱངས་ཡོད་པས་“འབྱུང་འགྱུར་གྱི་ཉམས་”དོད་པོ་ཞིག་བཏོད་ཡོད།
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན།
པའེ་ཅུས་དགོན་འབྲི་ཆུའི་ཟམ་ཆེན་གྱི་རིང་ཚད་ལ་སྨི་1384ཡོད་པ་དང་། བརྐྱངས་ཚད་གཙོ་བོར་སྨི་660ཡོད་པ་དེ་ནི་འཛམ་གླིང་གི་གཞུང་ལམ་དང་ལྕགས་ལམ་གཉིས་སྤྱོད་ཀྱི་ལྕགས་གདུང་གསེག་འཐེན་གྱི་ཟམ་པ་ཆེ་ཤོས་ཤིག་ཡིན། དེས་པཱ་ནན་ཁུལ་དང་ཏ་ཏུའུ་ཁོའུ་ཁུལ་གྱི་འགྲིམ་འགྲུལ་ནུས་ལྡན་ངང་སྦྲེལ་མཐུད་བྱས་པ་མ་ཟད། གྲོང་ཁྱེར་གྱི་མྱུར་ལམ་འཐུས་ཚང་དུ་བཏང་བ་མ་ཟད། དེའི་འབྱུང་འགྱུར་གྱི་ཚོར་བ་ལྡན་པའི་མཛེས་ཆོས་རིག་པ་མངོན་པ་དེ་ནི་“ཟམ་པའི་གྲོང་ཁྱེར་”ཁྲུང་ཆིང་གི་ཡིད་དབང་འཕྲོག་ཤུགས་ཀྱི་འགྲེལ་བཤད་གསར་ཤོས་ཤིག་ཏུ་གྱུར་ཡོད།
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”རིང་ཁྲུང་ཆིང་གི་གྲོང་ཁུལ་ལྟེ་བ་ཁོ་ནར་ཆུ་བོ་བརྒལ་བའི་ཟམ་ཆེན་གསར་དུ་བསྐྲུན་པ་དང་མུ་མཐུད་བསྐྲུན་པའི་ཟམ་ཆེན་13ཟིན་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པ་བརྒྱུད། ཉེ་ལམ་ཁྲུང་ཆིང་གྲོང་ཁྱེར་ཡོངས་ཀྱི་ཟམ་པ་ཆེ་ཆུང་ཁྲི་2ལས་བརྒལ་ཡོད་པ་དང་། དེའི་ནང་འབྲི་ཆུ་དང་ཅ་ལིང་གཙང་པོ་བརྒལ་བའི་ཟམ་པ་ཧ་ཅང་ཆེན་པོ་100ལྷག་ཙམ་ཡོད་པ་དང་། ཟམ་པ་ཧ་ཅང་ཆེ་བའི་སྟུག་ཚད་རྒྱལ་ཡོངས་སུ་མཐོང་དཀོན་པ་རེད། ཟམ་པ་རེ་རེ་ཚང་མས་འབྲེལ་མཐུད་དང་འཕེལ་རྒྱས་ཀྱི་འགན་འཁྲི་ཐེག་ཡོད་ལ། རི་གྲོང་ཡར་འཕེལ་དང་འབྱུང་འགྱུར་ཕྱོགས་ཀྱི་སྐྱེ་སྟོབས་ཆེན་པོ་ཡང་མངོན་ཡོད།
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན།
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན་གྱི་མཐོ་ཚད་ལ་སྨི་236ཡོད།
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན་གྱི་མཛེས་ལྗོངས།
པའེ་ཅུས་དགོན་གྱི་འབྲི་ཆུའི་ཟམ་ཆེན་གྱི་མཛེས་ལྗོངས།