མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ཅི་ལིན་ཏུ་བརྟག་ཞིབ་བྱེད་པའི་བཅར་འདྲི་ཚོགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་12ཉིན། 13:54】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
ས་སྲོད་ཀྱི་ནམ་མཁར་སྔོ་མདངས་འཕྱུར་སྐབས། མཛེས་སྡུག་ལྡན་པའི་གློག་སྒྲོན་གྱིས་བྱང་ཤར་གྱི་གྲོང་རྡལ་ཆུང་ཆུང་འདི་འཁྲུག་ཆ་དོད་ཅིང་ངོ་མཚར་ཆེ་བར་གྱུར།
ཐུང་ཧྭ་ནི་“ཀྲུང་གོའི་གངས་ཤུད་གློད་ཡུལ་”ཞེས་སུ་གྲགས་པའི་གྲོང་ཁྱེར་དེ་ནི་དགུན་དུས་སུ་གངས་འཁྱགས་ཀྱི་ཡུལ་སྐོར་གནང་ཡུལ་གཙོ་བོ་ཞིག་ཡིན་པ་མ་ཟད། དབྱར་དུས་ཚ་བ་གཡོལ་སའི་ཡུལ་སྐོར་གནང་ཡུལ་ཡག་པོ་ཞིག་ཀྱང་རེད། དབྱར་འགོར་ལུང་ཞིན་ལི་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་དུ་འཆམ་འཆམ་བྱས་ཚེ་བསིལ་ཞིང་འཆར་ཡན་གྱི་དགོང་མོའི་བསིལ་རླུང་ལོངས་སུ་སྤྱོད་ཐུབ་པ།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
མཚན་མོར་མི་ཡུལ་གྱི་འཚོ་བར་རོལ་བའི་སིལ་ཟས་ཤིག་མངགས་ཤིང་། འོ་ཇ་ཕོར་པ་གང་འཐུང་བཞིན་པར་མཐོངས་ཡངས་ཀྱི་རོལ་དབྱངས་ཤིག་མྱངས་ནས་སྲོལ་རྒྱུན་དང་རླབས་རྒྱུན་གསར་པ་འདྲེས་མའི་ཡུལ་སྐོར་ཞིག་ཉམས་སུ་བསྟར་བའི་སྤྲོ་གསེང་གི་རྣམ་པ་འདི་འདྲ་ནི་ས་གནས་དེ་གའི་མི་སེར་མི་ཉུང་བ་ཞིག་གི་རྒྱུན་ལྡན་གྱི་འཚོ་བར་གྱུར་ཡོད།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
“ཕུ་བོ་ཡོང་བས། ནག་ཉ་ཆེན་པོ་གཉིས་ཆ་ཚང་རེ་ཡིན་ནམ། དྲི་མ་ཧ་ཅང་ཞིམ།” རིན་གོང་དམའ་བ་ཟ་མ་དང་ཟ་ཁང་གི་བདག་པོའི་དགོད་བྲོ་བའི་སྐད་སྒྲ་ཡིས། འདིར་ཡོང་བའི་ཡུལ་སྐོར་བ་རྣམས་ལ་བྱང་ཤར་བའི་དམིགས་བསལ་གྱི་བྱམས་བརྩེའི་ཚོར་བ་དང་དགོད་བྲོ་བའི་ཚོར་བ་དངོས་སུ་ཚོར་སྣང་ཡོང་ཐུབ། ས་གནས་ཁག་ནས་ཡོང་བའི་ཁྱད་ཆོས་ལྡན་པའི་སིལ་ཟས་རིགས་བརྒྱ་ལྷག་ཙམ་དེ་གར་འདུས་པ་དང་། མཁའ་རླུང་ཁྲོད་མི་རྣམས་འགྲམ་ཆུ་ལྡང་བའི་དྲི་ཞིམ་གྱིས་ཁེངས་པ་དེ་ནི་ཐུང་ཧྭ་བའི་“མཚན་མོའི་ཟ་ཁང་”དང་ས་ཆ་གཞན་གྱི་ཡུལ་སྐོར་བས་ངེས་པར་འགྲོ་ངེས་ཀྱི་གནས་རེད།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
བརྟག་དཔྱད་ཞིབ་འཇུག་དང་བཅར་འདྲི་བྱེད་སྐབས་གསར་འགོད་པས། ས་གནས་དེ་གའི་དབྱར་མཚོ་རྒྱས་པ་ལྟར་དར་བའི་མཚན་མོའི་དཔལ་འབྱོར་ནི་མཚན་ཟས་ཀྱི་ཐ་སྙད་རྐྱང་པ་ཙམ་མ་ཡིན་པར། ཉོ་སྒྲུབ་དང་། བཟའ་བཏུང་། རིག་གནས།ཡུལ་སྐོར། རོལ་རྩེད་སོགས་ལས་རིགས་སྣ་ཚོགས་མཉམ་འདྲེས་ཀྱི་དཔལ་འབྱོར་བྱེད་སྒོར་གྱུར་ཡོད་པ་ཤེས་རྟོགས་བྱུང་།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
ཚོང་འགྲུལ་ཁྲོམ་གཞུང་གི་བར་ཁྱམས་སུ་ཨོག་ལེན་དཀྲོལ་བ་དང་། ཡུལ་གཞན་གྱི་ཉམས་འགྱུར་ལྡན་པའི་ཞབས་བྲོའི་འཁྲབ་སྟོན་ནས་གྲོང་ཁྱེར་གཙོ་བོའི་སྒོ་མདུན་གྱི་མེ་ཕུང་དགོང་ཚོགས་དང་། དེ་ནས་ཟློས་གར་སྟེགས་བུའི་ཐོག་གི་གླུ་དབྱངས་རྩེར་སོན་དཀྲོལ་བ་སོགས་…རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་གི་མཚན་མོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་ནས་རིམ་བཞིན་སྤུས་ཚད་ཅན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
གྲོང་ཁྱེར་གྱི་དཔལ་འབྱོར་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚན་མོའི་དཔལ་འབྱོར་དར་རྒྱས་འགྲོ་ཚད་དེ་གྲོང་ཁྱེར་གྱི་དཔལ་འབྱོར་སྒོ་འབྱེད་ཚད་དང་། སྟབས་བདེ་ཚད། འཁྲུག་ཆ་དོད་ཚད་བཅས་ཀྱི་འཇལ་ཆས་ཤིག་ཡིན་ཞེས་བརྗོད་ཆོག ཉེ་བའི་ལོ་ཤས་རིང་ཐུང་ཧྭ་གྲོང་ཁྱེར་གྱིས་ས་གནས་ཀྱི་རིག་གནས་རྨང་གཞི་སྔོག་འདོན་བྱས་པ་བརྒྱུད། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་འདུ་འཛོམས་ཁུལ་བསྐྲུན་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མཚན་མོའི་འཛད་སྤྱོད་གནས་གསར་སྤེལ་ཡོད་པ་རེད། གཞན་ཡང་དོ་དམ་ཞིབ་ཚགས་ཐད་འབད་བརྩོན་བྱས་ནས་མཚན་མོའི་འཛད་སྤྱོད་སྤྲོ་གསེང་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་མཚན་མོའི་དཔལ་འབྱོར་རྒྱུན་མཐུད་ངང་སྤེལ་རོགས་བྱས་ཡོད།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
ལས་རྣམ་ལེགས་པས་འགྲུལ་པོ་འཁོར། འདས་མ་ཐག་པའི་གྲུ་གཟིངས་དུས་ཆེན་གྱི་གུང་གསེང་སྐབས་ཐུང་ཧྭ་ལུང་ཤིན་ལིའི་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་དུ་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་ཐེངས་གྲངས་ཁྲི་7.5ཙམ་ལ་སྣེ་ལེན་བྱས་པ་རེད།

མི་དམངས་དྲ་བའི་གསར་འགོད་པ་ལི་དབྱང་གིས་པར་བླངས།
སྲིད་ཇུས་ཡང་དག་དང་། གཉེར་སྐྱོང་གཏིང་ཟབ། ཞབས་ཞུ་ལེགས་པ་བཅས་བྱུང་ཚེ་མཚན་མོའི་དཔལ་འབྱོར་ལ་གཞི་ནས་ཡུན་རིང་མཐའ་འཁྱོངས་ཐུབ། དེ་ལྟར་ཡིན་པའི་དབང་གིས་བྱང་ཤར་གྱི་གྲོང་རྡལ་ཆུང་ཆུང་ཐུང་ཧྭའི་མཚན་མོ་ད་གཟོད་ཡིད་དབང་འཕྲོག་པར་གྱུར་ཡོད།(ཧོ་ཅིང་རུའུ། ཞེ་ལུང་། ལི་དབྱང་།)