འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས།རྒྱལ་ཁོངས་སུ་འཛུལ་བའི་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་ནས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་མུ་མཐུད་མང་དུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁོངས་སུ་འཛུལ་བའི་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་ནས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་མུ་མཐུད་མང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི“མིང་ཐོ”མུ་མཐུད་མང་དུ་ཕྱིན་པ་དེ་ཐོག་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ཀྲུང་གོའི་འགྱུར་མེད་ཀྱི་ཆོད་སེམས་མངོན་ཡོད་ལ། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དེ་ཐོག་ནས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་པར་གཞོལ་བའི་ཀྲུང་གོའི་བྱ་སྤྱོད་ཏན་ཏིག་མཚོན་ཡོད།