གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 13:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པས་ཟླ་6ཚེས་4ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་4པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་5679གསར་དུ་བསྒྱུར་བཀོད་བྱེད་འགོ་བཙུགས་ཡོད། ཧོ་པེ་དང་། ཁྲུང་ཆིང་། ལེའོ་ཉིང་། ཧྲང་ཧའེ། ཀྲེ་ཅང་། ཧུའུ་པེ་སོགས་ས་ཁུལ་དྲུག་ཏུ་ལས་འགོ་ཚུགས་ཚད་50%ལས་བརྒལ་ཡོད། ད་ལོ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.5གསར་དུ་བསྒྱུར་བཀོད་བྱེད་འགོ་འཛུགས་རྩིས་ཡོད།