འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།ཀྲུང་གོར་སྐྱོད་པ། མཚོ་ཐོག་དར་གོས་ལམ་གྱི་འོད་སྟོང་འཕྲོ་བའི་“གསེར་གྱི་རྒྱན་ཆས།”

མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ཀོང་ཏུང་ལ་བརྟག་ཞིབ་བྱེད་པའི་བཅར་འདྲི་ཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 11:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

མི་དམངས་དྲ་བའི་ཚའེ་རུའེ་ཀྲིས་པར་བླངས།

མི་དམངས་དྲ་བའི་ཚའེ་རུའེ་ཀྲིས་པར་བླངས།

    ཀོང་ཏུང་མཚོ་ཐོག་དར་གོས་ལམ་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་“ལྷོ་རྒྱ་མཚོའི་ཨང་Iཔའི་”ཆུ་ནས་ཐོན་པའི་འོད་འཚེར་བའི་གསེར་གྱི་རྒྱན་ཆ་དང་མཛེས་བཟོའི་སྒམ་ཁག་གཅིག་ལས་གནའ་བོའི་མཚོ་ཐོག་ཉོ་ཚོང་ཁྲོད་ཀྱི་གསོན་ཉམས་དོད་པའི་“ཉམས་དགའི་”ལེའུ་ཕྱེ་ཡོད། མཛེས་སྡུག་ལྡན་པའི་གསེར་གྱི་ཡོ་བྱད་དེ་དག་མང་པོ་ཞིག་ནི་ཆེད་མངགས་ཕྱི་རྒྱལ་གྱི་ཚོང་རར་ཕྱིར་གཏོང་བྱེད་ཆེད་ཞིབ་ཅིང་ཕྲ་བའི་སྒོ་ནས་བཟོས་པའི་“ཕྱི་ཕྱོགས་ཚོང་དོན་དངོས་རྫས་”རེད།

མི་དམངས་དྲ་བའི་ཝང་ཡ་ཏེ་ཡིས་པར་བླངས།

མི་དམངས་དྲ་བའི་ཝང་ཡ་ཏེ་ཡིས་པར་བླངས།

    གསེར་གྱི་ལག་གདུབ་ཐིག་རིས་སུ་འཇམ་ཞིང་དམིགས་བསལ་གྱི་འབྲུག་རིས་དང་མེ་ཏོག་གི་རྣམ་པའི་མཛེས་རྒྱན་སྤྲས་ཡོད། གསེར་གྱི་མགུལ་རྒྱན་ནི་བཟོ་དབྱིབས་ཁྱད་པར་ཅན་དང་ཇུས་འགོད་ཁྱད་པར་ཅན་རེད། ཕྲུ་གུ་ཁྲིད་ནས་ལྟ་སྐོར་བྱེད་པའི་ཨ་ཅག་ཁྲེན་གྱིས་རྒྱན་ཆའི་སྒམ་སྟེང་གི་མཛེས་སྡུག་ལྡན་པའི་རི་མོར་མཛུབ་མོ་བཙུགས་ནས་“ཁྱོད་ཀྱིས་ལྟོས་དང་། ལོ་ངོ་སྟོང་གི་སྔོན་ལ་རྒྱལ་ཁོངས་ལས་བརྒལ་ནས་ཚོང་ཟོག་འཁྱེར་ཚུལ་ནི་ང་ཚོ་ལས་ཀྱང་དར་སོ་ཆེ་བར་འདུག་” ཟེར།

མི་དམངས་དྲ་བའི་ཉིང་ཡུས་དབྱིང་གིས་པར་བླངས།

མི་དམངས་དྲ་བའི་ཉིང་ཡུས་དབྱིང་གིས་པར་བླངས།

    ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་པའི་གསེར་གྱི་རྒྱན་ཆ་དེ་དག་ནི་མཚོ་ཐོག་དར་གོས་ལམ་བུའི་ཚོང་དོན་དར་རྒྱས་དང་རིག་གནས་མཉམ་འདྲེས་ཀྱི་གཟི་བརྗིད་ལྡན་པའི་ཞུན་ཆགས་ཤིག་རེད། དེ་དག་གིས། ལོ་ངོ་སྟོང་གི་སྔོན་གྱི་སུང་རྒྱལ་རབས་ཀྱི་བཟོ་པ་རྣམས་ཀྱིས་“མངགས་བཟོ་”དང་“དར་སོར་” རྒྱུས་མངའ་ཆེན་པོ་ཡོད་པ་དང་། གསེར་གྱིས་ཤར་ནུབ་ཕྱོགས་དང་འབྲེལ་མཐུད་བྱེད་པའི་“མཛེས་སྡུག་ལྡན་པའི་སྦྲེལ་ཐག་”བསྐྲུན་ནས་མཛེས་སྡུག་ལ་དགའ་བའི་སེམས་དེ་ཚོང་གྲུ་དང་མཉམ་དུ་ཕྱོགས་བཞིར་བསྐྱོད་དུ་བཅུག་པ་རེད། (ཝན་ཧྲི་ཁྲེང་དང་། ཐུའུ་ཧྲེང་། ཚའེ་རུའེ་ཀྲི། ཝང་ཧྲའོ་ཧྲའོ། ཀྲང་ཡུང་ཧྲེང་། ཕུའུ་ཤིན་ཡུས། ཉིང་ཡུས་དབྱིང་། ཝང་ཡ་ཏེ། ཧོ་ཧྲན་ཧྥུའུ།)

མི་དམངས་དྲ་བའི་ཕུའུ་ཤིན་ཡུས་ཀྱིས་པར་བླངས།

མི་དམངས་དྲ་བའི་ཕུའུ་ཤིན་ཡུས་ཀྱིས་པར་བླངས།

མི་དམངས་དྲ་བའི་ཕུའུ་ཤིན་ཡུས་ཀྱིས་པར་བླངས།

མི་དམངས་དྲ་བའི་ཕུའུ་ཤིན་ཡུས་ཀྱིས་པར་བླངས།

མི་དམངས་དྲ་བའི་ཉིང་ཡུས་དབྱིང་གིས་པར་བླངས།

མི་དམངས་དྲ་བའི་ཉིང་ཡུས་དབྱིང་གིས་པར་བླངས།