གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་04ཉིན། 13:49】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཁ་ན་ཏས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་འོག་མའི་འདེམས་བསྐོ་བྱེད་པའི་སྐབས་སུ། ཨ་རིའི་ཙུང་ཐུང་གིས་ཁ་ན་ཏ་“ཨ་རིའི་མངའ་སྡེ་51པར་”འགྱུར་དུ་འཇུག་རྒྱུ་ཡིན་ལུགས་སླར་ཡང་བཏོན་པ་དང་། མངའ་ཁོངས་རྒྱ་སྐྱེད་ཀྱི་ཧམ་སེམས་དེ་སྦ་གསང་སྤུ་ཙམ་ཡང་མེད་པ་རེད།
རང་བཙན་རྒྱལ་ཁབ་བཙུགས་པ་ནས་བཟུང་། ཨ་རིའི་མངའ་ཁོངས་དང་སྟོབས་ཤུགས་ཐད་རྒྱ་བསྐྱེད་འདོད་མཚམས་འཇོག་གཏན་ནས་བྱེད་མྱོང་མེད། ཨ་རིའི་སྲིད་གཞུང་གསར་པ་སྲིད་སྟེགས་ཐོག་སླེབས་པ་ནས་བཟུང་། མངའ་ཁོངས་རྒྱ་ཆེར་གཏོང་བའི་“ཨ་རིའི་ཕུགས་འདུན་”རྒྱུན་ཆད་མེད་པར་སྒྲུབ་བཞིན་ཡོད་པ་དང་། ཀེ་ལིང་ལན་གླིང་ཕྲན་ཉོ་སྒྲུབ་དང་ཕ་ན་མའི་གཙང་པོ་བཅོས་མ་ཚོད་འཛིན་བྱ་རྒྱུ་སོགས་ཐེངས་མང་བཤད་པ་རེད།
འཇིགས་སྐུལ་དང་བཙན་ཤེད་ཀྱི་བྱ་ཐབས་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་འགྱུར་བ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་སྣང་མེད་དུ་འཇོག་པའི་བྱེད་སྟངས་འདི་རིགས་ནི་རྒྱལ་ཁབ་གང་ཞིག་གི་འདོད་བློ་དང་མི་མཐུན་ལ། དེང་རབས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་ཕྱོགས་མང་རིང་ལུགས་ཀྱི་རྩ་དོན་དང་ཡང་མི་མཐུན། དངུལ་གྱིས་ཉོ་སྒྲུབ་བྱེད་པའམ་ཡང་ན་དྲག་ཤུགས་ལ་བརྟེན་ནས་འབྲེལ་ཡོད་ས་ཁུལ་བཙན་བཟུང་བྱས་ཚེ། མངའ་ཁོངས་ཀྱི་རྩོད་གཞི་བསླངས་ན་གོ་ལ་ཧྲིལ་པོའི་ས་བབ་ཀྱི་གནས་བབ་གཡོ་འགུལ་ཆེ་རུ་འགྲོ་ངེས་རེད།
ལོ་ངོ་210ཡི་སྔོན་དུ། ཨ་རིས་ཁ་ན་ཏར་བཙན་འཛུལ་བྱས་མཐར་རང་ཉིད་བསད་པ་དང་། ཕོ་བྲང་དཀར་པོ་མེར་བསྲེགས་པ་རེད། སྔོན་ཕམ་རྗེས་དཔེ་མིག་ལམ་དུ་ལྷང་ངེ་བ་ཡིན་པས་ཨ་རིའི་རྨི་ལམ་རྨིས་མཁན་རྣམས་དོན་དངོས་དང་མི་མཐུན་པའི་“རྨི་ལམ་ཡག་པོའི་”ཁྲོད་ནས་མྱུར་དུ་སད་དགོས།