འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།བྷེ་ཨུ་རུ་སུར“ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་བྱེད་སྒོ་གཉེར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 09:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མེན་སི་ཁེ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན། “ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་བྱེད་སྒོ་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་གཉེར་བ་རེད། ཀྲུང་གོ་དང་བྷེ་ཨུ་རུ་སུའི་ལས་རིགས་ཁག་གི་མི་སྣས་གྲོང་ཁྱེར་ལྟེ་གནས་ཀྱི་རང་དབང་ཐང་ཆེན་དུ“ཇ་སྟོན་བཤམས་ནས་གྲོགས་པོ་བསྒྲིགས”ཏེ་ཇ་ལོའི་དྲི་ཞིམ་དང་སྒྱུ་རྩལ་ཁྲོད་ཞི་མཐུན་མཉམ་འདྲེས་ཀྱི་ཤར་ཕྱོགས་ཀྱི་མཛེས་པ་མྱོང་རོལ་བྱས་པ་རེད།