ཐུའོ་མ་སི·པོ་ལན་ཐེ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་03ཉིན། 10:29】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ལོ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པ་དང་ཡོ་ཀྲུང་འབྲེལ་བ་འཕེལ་རྒྱས་ཕྱིན་པའི་ལམ་ཚད་ཀྱི་རྡོ་རིང་གལ་ཆེན་གཞན་ཞིག་ཡིན། འདས་ཟིན་པའི་དུས་རབས་ཕྱེད་ཀའི་རིང་། ཡོ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་ངོ་མཚར་ཆེ་བའི་སྐད་ཅིག་ཉིད་མང་དག་ཅིག་བཏོད་པས་འཛམ་གླིང་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།
འདས་ཟིན་པའི་ལོ་50ཡི་རིང་། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་འོག་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་པའི་ཡོ་རོབ་མནའ་འབྲེལ་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ས་ཁོངས་གཞི་གཅིག་ཅན་གྱི་རྩ་འཛུགས་སུ་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་སྒྱུར་བཅོས་སྒོ་འབྱེད་བརྒྱུད་ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་མི་འབོར་དབུལ་པོ་དུང་ཕྱུར་8ཚང་མ་དབུལ་སྒྲོལ་ཐུབ་པ་མ་ཟད། ཀྲུང་གོའང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་མང་ཆེ་བའི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ཡོད། འཇར་མན་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་དག་གི་ཁེ་ལས་འབོར་ཆེན་ཞིག་གིས་ཀྲུང་གོར་མ་རྩ་གཏོང་བ་ནི་རང་ངོས་འཕེལ་རྒྱས་འཐབ་ཇུས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བཞིན་ཡོད། ཡོ་ཀྲུང་རིག་གནས་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཀྱང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ཡོ་ཀྲུང་མཛའ་མཐུན་ཞིང་ཆེན་དང་ཀྲོའུ་དང་དེ་བཞིན་མཛའ་མཐུན་གྲོང་ཁྱེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དཔེ་མཚོན་ཞིག་རེད། འདས་ཟིན་པའི་ལོ་40ལྷག་ཙམ་ནང་འཇར་ཀྲུང་ཁོ་ནའི་དབར་མཛའ་མཐུན་ཞིང་ཆེན་དང་ཀྲོའུ(གྲོང་ཁྱེར)ཡི་འབྲེལ་བ་ཆ་100ལྷག་ཙམ་བཙུགས་ཡོད།
འཇར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་རིང་ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་ཡོ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་བསྣན་ཡོད། འཇར་མན་ནི་ཡོ་རོབ་ཀྱི་དཔལ་འབྱོར་དངོས་ཚན་གཙོ་བོའི་གྲས་ཤིག་ཡིན་ཞིང་། དུས་ཡུན་རིང་པོར་ཀྲུང་གོ་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་གི་ཡོད། “འཇར་མན་གྱིས་བཟོས་པར”ཀྲུང་གོར་ཡིད་ཆེས་ཐོབ་ཡོད་ལ། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ལས་འཇར་མན་ལ་ཡང་ཕན་པ་ཆེན་པོ་ཐོབ་ཡོད།
འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་ཀྲུང་གོ་དང་ཨང་གསུམ་པ་འཇར་མན་ལ་ཀྲུང་ཡོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་སྣོན་པའི་ནུས་པ་ལྡན་ཡོད། ཕྱོགས་གཉིས་པོར་རྒྱུན་མཐུད་འཕེལ་རྒྱས་ཐད་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས་རང་ངོས་ཀྱི་བཟོ་ལས་སྟོབས་ཤུགས་ལ་བརྟེན་ཚེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་ཐུབ།
ཡོ་ཀྲུང་གཉིས་ཀ་སྣེ་མང་འཛམ་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ཚེ་འཛམ་གླིང་གི་ཞི་བདེ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་ཐུབ། མིག་སྔར། གོ་ལ་ཧྲིལ་པོའི་ཚོང་དོན་གྱི་རྩོད་གཞི་དང་། ས་བབ་ཆབ་སྲིད་ཀྱི་ཉེན་ཁ། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བདེ་བླག་མེད་པ་སོགས་ཀྱི་འགྲན་སློང་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ནས་ཡོ་ཀྲུང་ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ལོ་རྒྱུས་ཀྱི་བློ་སྒོ་ཕྱེ་ནས་མཉམ་དུ་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་སྒུལ་ཤུགས་སྣོན་དགོས་ངེས་རེད། ཉེ་བའི་ལོ་ཤས་རིང་། ཡོ་རོབ་ཀྱི་མི་ཁག་གཅིག་གིས་ཀྲུང་གོ་འདི་ཉིད“རོགས་ཟླ་དང་། འགྲན་རྩོད་པ། ལམ་ལུགས་རང་བཞིན་གྱི་འགྲན་ཡ”ཟེར་བར་ངོས་འཛིན་བྱེད་ཀྱི་ཡོད། ངེས་གནས་དེར་ཕྱོགས་གསུམ་པའི་འགོག་རྐྱེན་ཕོག་དྲགས་པས་ནོར་འཁྲུལ་གྱི་བརྡ་རྟགས་བཏང་ཡོད་སྟབས་ཡོ་བསྲང་བྱེད་དགོས་ངེས་རེད། ཀྲུང་གོ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་རྒྱལ་སྤྱིའི་མཉམ་ལས་ལ་ཞུགས་ཏེ་འགན་འཁྲི་འཁུར་བའི་གཟུགས་བརྙན་བརྒྱུད་སྤྲོད་དེ་བས་ལེགས་པ་བྱེད་དགོས་པ་དང་ནུས་རྒྱུ་གཙང་མ་དང་གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་སུ་ཀྲུང་གོར་ཡར་ཐོན་བྱུང་བར་ཡང་རྒྱལ་སྤྱིས་དོ་ཁུར་དེ་བས་མང་བ་བྱེད་རིན་ཡོད། གཞན་ཡང་། སློབ་གསོ་དང་ཚན་ཞིབ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་བཏང་ཚེ་ཡོ་ཀྲུང་མཉམ་ལས་ལ་སྔར་བས་སྐུལ་མ་ཐེབས་ནས་མཐར་ཕྱོགས་གཉིས་ཀར་ཕན་པ་ཐོབ་རྒྱུ་རེད།
ཡོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ཡོ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་འགྲན་སློང་སྔར་བཞིན་གནས་ཀྱང་སྐད་ཆ་ཤོད་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱས་ཚེ་གནད་དོན་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་ཐུབ་ངེས་རེད། ངེས་མེད་རང་བཞིན་གྱིས་ཁེངས་པའི་རྒྱལ་སྤྱིའི་ཁོར་ཡུག་ལ་ཕྱོགས་སྐབས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཕན་ཚུན་གྱི་འབྲེལ་བ་རྒྱུན་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ངེས་རེད།
(རྩོམ་པ་པོ་ནི་འཇར་མན་གྱི་རྩོམ་པ་པོ་དང་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཡིན་པ)