འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།ཁོང་ཐེ་རོན་ཕུ་སྲིད་གཞུང་ནས་ཁ་བྲལ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 15:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་28ཉིན་ཨ་རིའི་ཁེ་ལས་པ་དང་སྲིད་གཞུང་ལས་ཕྱོད་པུའི་འགན་འཁུར་བ་ཨའེ་ལུན་·མཱ་སི་ཁེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་Xཐོག་ཁོང་གི་“དམིགས་བསལ་སྲིད་གཞུང་གི་གླ་པའི་”འགན་འཁུར་ཡུན་མཇུག་བསྒྲིལ་ཡོད་ཅེས་བཤད་པ་རེད།

ཟླ་2པར་ཨ་རིའི་ཕོ་བྲང་དཀར་པོས་མཱ་སི་ཁེའི་ཐོབ་ཐང་ནི་“དམིགས་བསལ་སྲིད་གཞུང་གི་གླ་པ་”ཡིན་ཞེས་བཤད་པ་རེད། ཨ་རིའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཱ་སི་ཁེ་ནི་“དམིགས་བསལ་སྲིད་གཞུང་གི་གླ་པ་”ཡིན་པའི་ཆ་ནས། ལོ་གཅིག་རིང་ཞབས་ཞུའི་དུས་ཚོད་ཉིན་130ལས་བརྒལ་མི་ཆོག དེའི་ཐོག་ནས་ཟླ་དང་པོའི་ཚེས་20ཉིན་ནས་བརྩིས་ཚེ་མཱ་སི་ཁེ་ཡི་འགན་འཁུར་ཡུན་ཕྱི་ཤོས་ཟླ་5པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་ཡིན་པ་མཚོན་ཡོད།