གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 15:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལུའུ་ཐུའུ་གསར་འགྱུར་ཁང་གིས་ཨ་རིའི་ཕོ་བྲང་དཀར་པོའི་ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་གྱི་བཤད་ཚུལ་དྲངས་པར་གཞིགས་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བཀག་ཉར་བྱས་པའི་མི་སྣའི་ནང་མིར་དབྱི་སི་རལ་ཕྱོགས་ཀྱིས་ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཧྥུའི་ཀཱ་ཟ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་སྐོར་གྱི་གྲོས་གཞི་གསར་པ་དང་ལེན་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ཅེས་བཤད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་29ཉིན་གྱི་སྔ་ཙམ་ལ། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)གྱིས་རྩ་འཛུགས་དེའི་འགོ་ཁྲིད་རིམ་པས་འདུམ་འགྲིག་ཕྱོགས་ལ་བརྟེན་ནས་ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཧྥུའི་ཀཱ་ཟ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་སྐོར་གྱི་པར་གཞི་གསར་པའི་ཇུས་གཞི་ལག་ཏུ་འབྱོར་ཡོད། འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཕོ་བྲང་དཀར་པོ་ཕྱོགས་ནས་ཨ་རི་དང་དབྱི་སི་རལ་གྱིས་དམག་མཚམས་འཇོག་རྒྱུའི་ཧ་མ་སིའི་གྲོས་འགོར་ལན་སྤྲོད་རྒྱུར་སྒུག་བཞིན་ཡོད་ཅེས་བཤད་པ་རེད།