གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་30ཉིན། 14:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་28ཉིན། སུའེ་ཙེར་གྱི་མངའ་ཁོངས་སུ་གནས་པའི་ཨར་ཕེ་སའི་རི་རྒྱུད་ཁག་གཅིག་ཏུ་འཁྱགས་རོམ་གཞི་ཁྱོན་ཆེན་པོར་གས་རྡིབ་བྱུང་ནས་མི་གཅིག་གར་སོང་ཆ་མེད་དུ་གྱུར་པ་དང་། ས་གནས་དེ་གའི་གྲོང་ཚོ་ཞིག་90%ཙམ་ས་འོག་ཏུ་ཚུད་པ་དང་། འགྲོ་ལམ་གཙོ་བོ་བཀག་ཡོད་པ་རེད། ས་གནས་དེ་གའི་དཔོན་རིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་གོང་ལ་ས་གཤིས་རིག་པ་མཁས་ཅན་གྱིས་ས་གནས་དེ་གར་འཁྱགས་རོམ་རྡིབ་ཉེན་ཐོན་རྒྱུའི་བརྡར་ཤ་བཅད་པར་བརྟེན། གྲོང་ཚོ་དེའི་གྲོང་མི་300ཙམ་སྔ་སྣུར་དུ་ཁ་འགྲེམས་བྱས་པ་རེད།