འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་30ཉིན།

༄༅།།ཀྲུང་གོར་སྐྱོད་པ། སྔོ་ལྗང་སྡོང་པོའི་འོག་ན་ནོར་བུ་མང་།

མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ཅང་ཞི་རུ་བརྟག་ཞིབ་བྱེད་པའི་བཅར་འདྲི་ཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་30ཉིན། 13:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    

མི་དམངས་དྲ་བའི་གསར་འགོད་པ་ཧྲི་ཡུས་ཀྱིས་པར་བླངས།

མི་དམངས་དྲ་བའི་གསར་འགོད་པ་ཧྲི་ཡུས་ཀྱིས་པར་བླངས།

     མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པ་”ཞེས་པའི་ཅང་ཞི་རུ་བརྟག་ཞིབ་བྱེད་པའི་བཅར་འདྲི་ཚོགས་པ།

    “འདི་ནི་ང་ཚོས་ད་ལོར་གསར་དུ་ནང་འདྲེན་བྱས་པའི་སྣ་ཁ་ཞིག་ཡིན་པས། བྲོ་བ་བཟང་ཞིང་འཚོ་བཅུད་ཀྱི་རིན་ཐང་ཆེ་བས། ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ཡོད།” ཟླ་5ཚེས་27ཉིན་ཅང་ཞི་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀོང་ཁྲང་རྫོང་ཡའོ་ཅང་ནགས་རའི་ལྗང་མདོག་གི་གྲིབ་ནག་འོག གྲོང་མིས་མོག་རོ་སྙི་མོ་ལས་སྣོན་ཐུམ་སྒྲིལ་བྱས་རྗེས་ཁྲོམ་རར་མཁོ་སྤྲོད་བྱེད་བཞིན་ཡོད།

     ས་ཁོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་71.83%ཟིན་པའི་ཀོང་ཁྲང་རྫོང་དུ། ནགས་ཚལ་འོག་གི་དཔལ་འབྱོར་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་20ལས་བརྒལ་བ་དང་། རིགས་ལ་བཟའ་བཅའི་འབུ་ཕྲ་དང་། ཀྲུང་ལུགས་སྨན་རྫས། སྣུམ་ཇ་སོགས་ཚུད་ཡོད། དེའི་ནང་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་5.26དང་། ཟས་སྲིན་མུའུ་7600ཡོད་པ་རེད། ཀྲོའུ་ཅང་ནགས་ར་ལྟེ་བར་བྱས་ཏེ་རྫོང་དེས་ནགས་འོག་དཔལ་འབྱོར་གྱི་ཚད་གཞི་མཐོ་བའི་དཔེ་སྟོན་རྟེན་གཞི་45བསྐྲུན་པ་དང་། ཞང་དང་གྲོང་རྡལ་དང་གསར་སྦོལ་ར་བ་11ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཤིང་། ད་ཆ་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་19ལས་བརྒལ་ཡོད། (ལིའུ་ཧུང་། ཝུའུ་ཡུའེ་ཅུན། ཧྲུའེ་ཅུན། ལུའོ་ན། ཧྲི་ཡུའུ། ཁུང་ཝུན་ཅིན། ལུང་ཁྲུའུ་ལེན།)

【1】  【2】  【3】  【4】  【5】  【6】  【7】