འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།ཨུ་རུ་སུའི་གཞུང་ཚབ་ཁང་ཆེན་མོར་འཇབ་རྒོལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 14:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་25ཉིན། ཚོན་རྫས་ཁྱེར་ཡོད་པའི་མི་མེད་གནམ་གྲུ་ཞིག་གིས་སུའེ་ཏེན་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་ཆེན་མོར་འཇབ་རྒོལ་བྱས་བྱུང་ཞེས་སུའེ་ཏེན་དུ་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་ཕོ་ཉ་ཚོགས་པས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། མི་མེད་གནམ་གྲུ་ཡིས་མཚན་མོར་གཞུང་ཚབ་ཁང་ཆེན་མོའི་འཛུལ་སྒོ་གཙོ་བོའི་མདུན་གྱི་སྟེགས་བུའི་ཕྱོགས་སུ་ཚོན་རྫས་བླུགས་པའི་ཤེལ་གྱི་སྣོད་ཆས་ཤིག་འཕངས་པ་རེད།