མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པའི”ལེ་ཚན་གྱི་ལེའོ་ཉིང་བརྟག་ཞིབ་བཅར་འདྲི་ཚོགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 13:59】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལག་རྩེད་སྤོ་ལོ་གཟེབ་ནང་འཛུལ་བ་དང་བསྟུན་ནས། སྤོ་ལོ་བརྫངས་མཁན་བྱང་ཤར་སྨན་རྫས་བཟོ་སྐྲུན་རུ་ཁག་གི་རུ་མིས་འགྲན་རའི་ནང་གི་རུ་ཁག་དང་ལྷན་དུ་རྟེན་འབྲེལ་ཞུས།
ཟླ་5ཚེས་25ཉིན། 2025ལོའི་ཧྲེན་དབྱང་གྲོང་ཁྱེར་ཐེ་ཞི་ཆུས་ཀྱི་སྐབས་གཉིས་པའི“བཟོ་གྲྭ་BA”ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཚོ་ཆུང་འགྲན་བསྡུར་གྱི་རེས་སྐོར་དང་པོ་མུ་མཐུད་དུ་སྤེལ་བ་རེད། འགྲན་བསྡུར་འདི་བཟོ་གྲྭའི་ཁུལ་དུ་བསྐྱོད་ནས་ཧྲེན་དབྱང་འཁོར་སྟེགས་ཀྱི་ལག་རྩེད་སྤོ་ལོའི་ཐང་དུ་མགོ་བརྩམས། འགྲན་བསྡུར་ཐེངས་བཞི་བྱས་མཐར། སྐབས་གོང་མའི་ཨང་གསུམ་པ་ཐོབ་མཁན་བྱང་ཤར་སྨན་རྫས་བཟོ་སྐྲུན་རུ་ཁག་51:43ཡི་སྐར་གྲངས་ཐོག་ནས་ཧྲེན་དབྱང་འཁོར་སྟེགས་རུ་ཁག་ལས་རྣམ་པར་རྒྱལ་ནས་འགོ་ཡག་པོ་ཞིག་བརྩམས་པ་རེད།
“བཟོ་གྲྭ་BA”ནི་ཐོན་ལས་བཟོ་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན་པ་དང་། ལི་མདོག་གི་ལག་རྩེད་སྤོ་ལོ་དེས་ཁོ་ཚོའི་སྙིང་སྟོབས་དང་ལང་ཚོའི་གསོན་ཤུགས་མངོན་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཐེ་ཞི་ཆུས་“བཟོ་གྲྭ་BA” ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཁེ་ལས་ཀྱི་འཁོར་ཁང་དང་། སློབ་ཆེན་གྱི་སློབ་ར། རིག་གནས་གསར་གཏོད་ཁྲོམ་གཞུང་སོགས་སུ་མུ་མཐུད་བསྐྱོད་རྒྱུ་རེད། ཟླ་བ་གཉིས་རིང་གི་འགྲན་རིམ་ནང་། འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་42ཀྱིས་ངོ་མཚར་ཆེ་བའི་འགྲན་བསྡུར་ཐེངས་90ལྷག་ཙམ་སྤེལ་རྒྱུ་རེད།