གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 13:47】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཆུ་བོའི་ཁུག་ཀྱོག་ནས། བཟོ་བསྐྲུན་གྱི་མཛེས་སྡུག་མངོན།
གནའ་བོའི་རྫ་གཡམ་སྔོན་པོའི་ཟུར་བཏེགས་མདའ་གཡབ་ལས། སྲོལ་རྒྱུན་བཟོ་སྐྲུན་སྔ་ཕྱི་རིམ་པར་གནས་སྤོས་བཞིན། ཟམ་ཆུང་ཆུ་ཕྲན་དག་དང་མཚེའུ་བརྒྱད་གླིང་བརྒྱད་སོགས། འཛུགས་སྐྲུན་ཆེ་ཁག་དགུ་པོ་འགྲན་པའི་ཚུལ་དུ་མངའ། ཟླ་5ཚེས་22ཉིན་ཡུལ་སྐོར་བ་མི་ཉུང་བ་ཞིག་ཆར་པའི་ཁྲོད་ཧུའུ་པེ་ཡུན་མེང་ཞང་ཡུན་མཚོ་ཁུག་དུ་འཆམ་འཆམ་བྱེད་པ་དང་གནའ་བོའི་ཉམས་འགྱུར་ལྡན་པའི་ཁྲོམ་གཞུང་རྙིང་པ་ཆར་པའི་ཁྲོད་དུ་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལྡན།
ཅིང་ལུགས་གླིང་།
ཞང་ཡུན་མཚོ་ཁུག་ནི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་གནའ་བོའི་གྲོང་རྡལ་གྱི་རྣམ་གྲངས་ཤིག་ཡིན་ཞིང་། ས་གནས་ཁག་གིས་མྱུར་སྐྱོབ་ཚུལ་གྱིས་སྲུང་སྐྱོང་བྱས་པ་དང་འབྲེལ་དངོས་སུ་གནས་སྤོས་པའི་གནའ་བོའི་འཛུགས་སྐྲུན་བརྒྱ་ཕྲག་ཁ་ཤས་ལས་གྲུབ་པ་དང་། ཕོ་བྲང་དང་། མེ་ཏོག་ཁང་། དགོན་པ་སོགས་ཡོད། གནའ་བོའི་འཛུགས་སྐྲུན་རེ་རེ་བཞིན་དེ་སྔའི་གནས་ཡུལ་བཤིག་ནས་1:1ཇི་མ་བཞིན་དུ་བསྐྱར་སྐྲུན་བྱས་པ་དང་། ཝེ་ལུགས་དང་ཅིན་ལུགས་དང་། ཅིང་ལུགས། ཧྥུའུ་ལུགས། ཀྲེ་ཅང་ལུགས། སུའུ་ལུགས། ཁྲོན་ལུགས། བོད་ལུགས་སོགས་པའི་བཟོ་སྐྲུན་ལེགས་པར་ཉར་ཚགས་བྱས་པས་དེར་གསོན་ཤུགས་གསར་པ་མངོན་ཡོད།
ཝེ་ལུགས་གླིང་།
2025ལོའི་ལོ་གསར་གྱི་ཉིན་མོར། ཁྲོམ་གཞུང་རྙིང་པ་ཕྱེ་སྐབས་འགྲུལ་པ་འབོར་ཆེན་གྱི་ཡིད་དབང་བཀུག་ཡོད། འདི་ལོའི་ཟླ་4ཚེས་4ཉིན་ནས་ཟླ་5ཚེས་5ཉིན་བར། མཛེས་ལྗོངས་ཁུལ་དེས་ཀོ་པགས་ཀྱི་ཟློས་གར་དང་། རྔ་འཆམ་དུས་ཆེན་སོགས་གནའ་བོའི་ཐབས་རྩལ་བྱེད་སྒོ་ནང་འདྲེན་བྱས་ནས། ཡུལ་སྐོར་བ་ཁྲི་60ཁྲུའུ་རྒྱལ་རབས་དུས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་བར་ཕེབས་ཡོད། དེ་གར་གནའ་བོའི་འཛུགས་སྐྲུན་གྱི་མཛེས་སྡུག་ལ་མྱོང་རོལ་བྱེད་ཐུབ་པ་མ་ཟད། ཕུལ་བྱུང་གི་བཟོ་རྩལ་དང་། མངོན་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན། སྲོལ་རྒྱུན་གྱི་འཚོ་བ་བཅས་དང་ཡང་ཐག་ཉེ་བའི་མྱོང་ཚོར་བྱས་ནས་ལོ་རྒྱུས་དང་། རིག་གནས་དག་དང་“གླེང་མོལ་བྱེད་རེས་”མངོན་འགྱུར་ཐུབ་བོ།
ཧུའུ་པེའི“འབྲི་ཆུའི་ལྷོ་རྒྱུད་ཆུའི་གྲོང་།”
ཤང་ཡུན་མཚོ་ཁུག་ཁྲོམ་གཞུང་གི་ཡུལ་ལྗོངས།
ཟམ་ཆུང་ཆུ་ཕྲན། གྲུ་གཟིངས་ཆུ་ཐོག་བསྐྱོད་བཞིན་པ།
ཨན་ཧུའེ་ཧུའེ་ཀྲོའུ་ནས་ལད་མོ་བྱས་ཏེ་གནས་སྤོ་བྱས་པའི་མིང་རྒྱལ་རབས་ཀྱི་རྐང་པ་བརྒྱད་ཀྱི་རྟགས་ཁང་།
ཆར་བའི་ཁྲོད་ཡུལ་ལྗོངས་ལ་བལྟ་བ།